ཀྲུང་གོ་བོད་ཀྱི་དྲ་བ།

མུས་ལཱ་ནོའུ་ཝེ་ཆི་ཡིས་དམ་བཅའ་བཞག་སྟེ་ཁི་ལོ་ཏི་ཡཱའི་ཙུང་ཐུང་གི་འགན་ཁུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20200219093859B8Hc.jpg

ཟླ2པའི་ཚེས18ཉིན། མུས་ལཱ་ནོའུ་ཝེ་ཆི་ཡིས་ཁི་ལོ་ཏི་ཡཱའི་སཱ་ཀི་ལེ་པུའུ་ཙུང་ཐུང་བཞུགས་ཤག་ནས་དམ་བཅའ་བཞག་སྟེ་ཁི་ལོ་ཏི་ཡཱའི་ཙུང་ཐུང་གི་འགན་ཁུར། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁི་ལོ་ཏི་ཡཱའི་གསར་དུ་བདམས་པའི་ཙུང་ཐུང་མུས་ལཱ་ནོའུ་ཝེ་ཆི་ཡིས་ཚེས་བཅོ་བརྒྱད་ཉིན་རྒྱལ་ས་སཱ་ཀི་ལེ་པུའུ་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར། 

ལས་འགན་ཁུར་བའི་མཛད་སྒོ་ཉིན་དེར་ཁི་ལོ་ཏི་ཡཱའི་ཙུང་ཐུང་བཞུགས་ཤག་ནས་སྤེལ་བ་དང་། མི་བཞི་བཅུ་ལྷག་གདན་དྲངས་པ་ལྟར་མཛད་སྒོར་ཞུགས། 

མུས་ལཱ་ནོའུ་ཝེ་ཆི་ཡིས་ཁི་ལོ་ཏི་ཡཱའི་རྩ་ཁྲིམས་ཁྲིམས་ཁང་གི་ཁྲིམས་དཔོན་ལ་དམ་བཅའ་བཞག་རྗེས་ལས་འགན་ཁུར་བའི་གཏམ་བཤད་སྤེལ་ཏེ། རང་གི་འགན་ཡུན་ནང་དུ་ནུས་པ་གང་ཡོད་བཏོན་ནས་རྒྱལ་ཁབ་དང་མི་དམངས་ལ་ཕན་བདེ་བསྐྲུན་རྒྱུ་ཁས་ལེན་བྱས་པར་མ་ཟད། ལས་རིགས་སོ་སོའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་རུལ་སུངས་ལ་ཆམ་ཕབ་གཏོང་བ་དང་། མི་ཚང་མ་འདྲ་མཉམ་ཡིན་པའི་འདོད་བློ་འདོན་དགོས་པའི་འབོད་སྐུལ་བཏང་། 

ཟླ་དང་པོའི་ཚེས་ལྔ་ཉིན་སྤེལ་བའི་ཁི་ལོ་ཏི་ཡཱའི་ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་སྐབས། སྤྱི་ཚོགས་དམངས་གཙོ་ཏང་སོགས་གཡོན་ཕྱོགས་སྲིད་ཏང་གི་ཚབ་བྱས་ཏེ་འདེམ་བསྐོར་ཞུགས་པའི་མུས་ལཱ་ནོའུ་ཝེ་ཆི་ལ་བརྒྱ་ཆའི་ང་གཉིས་དང་གྲངས་ཆུང་བདུན་གྱི་འདེམ་ཤོག་ཐོབ་ནས། སྐབས་དེའི་ཙུང་ཐུང་ཅི་ཐཱ་ལོ་ཝེ་ཆི་ཕམ་པར་བཏང་ནས་ཙུང་ཐུང་གསར་བར་བདམས་པ་རེད། 

ཁི་ལོ་ཏི་ཡཱའི་ཙུང་ཐུང་ནི་ཐད་ཀར་འདེམ་བསྐོ་བྱས་ཏེ་བདམས་ཐོན་བྱེད་པ་དང་འགན་ཡུན་ལོ་ལྔ་རེད། ད་ལོར་ལོ་ང་གསུམ་ཡིན་པའི་མུས་ལཱ་ནོའུ་ཝེ་ཆི་ཡིས་སྔོན་ཆད་ཡོ་རོབ་གླིང་མནའ་འབྲེལ་དང་བྱང་ཆིངས་རྩ་འཛུགས་སུ་སྡོད་པའི་ཁི་ལོ་ཏི་ཡཱའི་ཕྱི་འབྲེལ་དཔོན་པོའི་འགན་ཁུར་བ་དང་། ཉིས་སྟོང་བཅུ་གཅིག་ལོའི་ཟླ་བཅུ་གཉིས་པ་ནས་ཉིས་སྟོང་བཅུ་དྲུག་ལོའི་ཟླ་དང་པོའི་བར་ཁི་ལི་ཏི་ཡཱའི་ཙུང་ལིའི་འགན་ཁུར་བ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།