ཅཱ་ནེ་དངོས་སུ་ཨ་ཧྥུའུ་ཧན་གྱི་སྐབས་གསར་བའི་ཙུང་ཐུང་དུ་བདམས་ཐོན་བྱུང་།

20200219094055fKUB.jpg

ཟླ2པའི་ཚེས18ཉིན། ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁཱ་པོར་ནས། ཨ་ཧྥུའུ་ཧན་སྒེར་ཚུགས་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ནོའུ་ལི་སི་ཐཱ་ནེ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་གཏམ་བཤད་སྤེལ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་བཅོ་བརྒྱད་ཉིན་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་འདེམ་བསྐོའི་མཇུག་མཐའི་མཇུག་འབྲས་ཁྱབ་སྒྲོག་བྱས་པ་དང་། ཨ་ཧྥུའུ་ཧན་གྱི་ད་ལྟའི་ཙུང་ཐུང་ཅཱ་ནེ་དངོས་སུ་སྐབས་གསར་བའི་ཙུང་ཐུང་དུ་བདམས་ཐོན་བྱུང་། 

ཨ་ཧྥུའུ་ཧན་སྒེར་ཚུགས་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ནོའུ་ལི་སི་ཐཱ་ནེ་ཡིས་ཉིན་དེར་རྒྱལ་ས་ཁཱ་པོར་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཅཱ་ནེ་ལ་བརྒྱ་ཆའི་ལྔ་བཅུ་དང་གྲངས་ཆུང་དྲུག་བཞིའི་འདེམ་ཤོག་ཐོབ་ཡོད་པ་རེད་ཟེར། 

ཨ་ཧྥུའུ་ཧན་གྱི་འདེམ་བསྐོའི་བཅའ་ཁྲིམས་ལྟར་ན། གལ་ཏེ་ཙུང་ཐུང་གི་འདེམ་སྒུག་མི་སྣར་བརྒྱ་ཆའི་ལྔ་བཅུ་ལས་བརྒལ་བའི་འདེམ་ཤོག་ཐོབ་ནས་ཐད་ཀར་དུ་བདམས་ཐོན་བྱུང་བ་དང་། གལ་ཏེ་ཕྱེད་ཀ་ལས་བརྒལ་བའི་འདེམ་ཤོག་ཐོབ་མཁན་མེད་ན་ཨང་རིམ་སྔོན་མ་གཉིས་ཀྱིས་ཐེངས་གཉིས་པར་འགྲན་རྩོད་བྱེད་དགོས་པ་རེད། 

ནོའུ་ལི་སི་ཐཱ་ནེ་ཡིས་བཤད་རྒྱུར། བསྡོམས་རྩིས་བྱས་པ་ལྟར་ན། ཐེངས་འདིའི་ཙུང་ཐུང་འདེམ་བསྐོའི་འདེམ་དམངས་ཀྱི་སྤྱི་གྲངས་ནི་ས་ཡ་གཅིག་དང་འབུམ་བརྒྱད་ཡིན་པ་དང་། དེའི་ནང་བརྒྱ་ཆའི་སོ་གཅིག་དང་གྲངས་ཆུང་ལྔ་ནི་བུད་མེད་རེད་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།