ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ཁི་སི་ཐན་གྱིས་གློག་ཞགས་གཉིས་པ་རྟགས་ཅན་གྱི་སྐོར་གཡེང་འཕུར་མདའ་བདེ་བླག་ངང་གཏོང་འཕེན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ཁི་སི་ཐན་གྱི་དམག་གསུམ་གསར་འགྱུར་ཅུའུ་ཡིས་ཚེས་བཅོ་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་གློག་ཞགས་གཉིས་པ་རྟགས་ཅན་གྱི་སྐོར་གཡེང་འཕུར་མདའ་བདེ་བླག་ངང་གཏོང་འཕེན་བྱས་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། གློག་ཞགས་གཉིས་པ་རྟགས་ཅན་གྱི་སྐོར་གཡེང་འཕུར་མདའི་གཏོང་འཕེན་བར་ཐག་སྤྱི་ལེ་དྲུག་བརྒྱ་ཡིན་པ་དང་། སྔོན་ཐོན་གྱི་མ་ལག་སྒྲིག་སྦྱོར་བྱས་ཡོད་པས་དམིགས་འབེན་ལ་གནད་ལ་ཕོག་པའི་ཆམ་ཕབ་གཏོང་ཐུབ་པ་ཡིན་ཟེར། 

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཐེངས་འདིར་འཕུར་མདའ་གཏོང་འཕེན་བྱས་པ་ནི་ཕཱ་ཁི་སི་ཐན་གྱིས་ཟིལ་ཤུགས་ཇེ་དྲག་ཏུ་གཏོང་བའི་ཐད་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ཟེར། གསལ་སྒྲོག་ལས་ཐེངས་འདིའི་འཕུར་མདའི་གཏོང་འཕེན་གྱི་ས་གནས་གསལ་བོར་བཤད་མེད། 

ཕཱ་ཁི་སི་ཐན་གྱི་ཙུང་ཐུང་ཨ་ཨར་ཝེ་དང་ཙུང་ལི་དབྱེ་མུའུ་ལན་ཧན་གཉིས་ཀྱིས་ཚོད་ལྟའི་གཏོང་འཕེན་ལ་ཞུགས་པའི་ཚན་རིག་ཞིབ་འཇུག་མི་སྣར་རྟེན་འབྲེལ་ཞུས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།