ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ལས་དབྱི་རག་གི་མི་བཞི་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གྱིས་ཉིན་དེར་དབྱི་རག་བྱང་ཕྱོགས་ཀྱི་ཅི་ཨར་ཁུའུ་ཁི་གྲོང་ཁྱེར་སྡེ་བ་ཞིག་ལ་འཇབ་རྒོལ་བྱས་ཏེ། སྡེ་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བདུན་ལ་རྨས་ཕོག་ཟེར། 

ཅི་ཨར་ཁུའུ་ཁི་གྲོང་ཁྱེར་གྱི་ཉེན་རྟོག་དཔོན་པོ་ཅཱ་ཞི་མུའུ་ཡིས་གསར་འགོད་པར་བཤད་རྒྱུར། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གྱིས་ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོར་ཅི་ཨར་ཁུའུ་ཁི་གྲོང་ཁྱེར་ནུབ་བྱང་ཕྱོགས་ཀྱི་སྡེ་བ་ཞིག་ལ་འཇབ་རྒོལ་བྱས་པ་དང་། སྡེ་མིའི་བར་འཁྲུག་རྩོད་དྲག་པོ་བྱུང་སྟེ། སྡེ་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་མི་བདུན་ལ་རྨས་ཕོག སྡེ་མི་དག་གིས་དབྱི་རག་བདེ་འཇགས་དམག་དཔུང་ལ་རོགས་འདེགས་བྱེད་པའི་སྐྱབས་བཅོལ་བྱས་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།