ཀྲུང་གོ་བོད་ཀྱི་དྲ་བ།

ཀུའུ་ཐི་ལོས་སི་ཡིས་ཨ་ཧྥུའུ་ཧན་གྱི་ཡུལ་གྱར་བར་རྒྱབ་སྐྱོར་སྔར་ལས་མང་དུ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་དུ་འཚམས་འདྲི་བྱེད་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅུ་བདུན་ཉིན་དབྱི་སི་ལན་པའོ་ནས་བཤད་རྒྱུར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགུལ་སྐྱོད་སྔར་ལས་མང་དུ་སྤེལ་ནས་ཨ་ཧྥུའུ་ཧན་གྱི་ཡུལ་གྱར་བར་རོགས་རམ་བྱེད་དགོས་ཟེར། 

ཕཱ་ཁི་སི་ཐན་དང་མཉམ་འབྲེལ་རྒྱལ་ཚོགས་ཡུལ་གྱར་བའི་ལས་དོན་ཁང་གིས་མཉམ་དུ་སྤེལ་བ་དང་། ཚོགས་ཡུན་ཉིན་གཉིས་ཡིན་པའི་ཨ་ཧྥུའུ་ཧན་གྱི་ཡུལ་གྱར་བའི་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགསཉིན་དེར་དབྱི་སི་ལན་པའོ་ནས་སྤེལ་མགོ་བརྩམས། ཚོགས་ཐོག་ཏུ་ཀུའུ་ཐི་ལོས་སི་ཡིས་ཕཱ་ཁི་སི་ཐན་གྱིས་ཨ་ཧྥུའུ་ཧན་གྱི་ཡུལ་གྱར་བར་དམིགས་ཏེ་བརྡ་འཕྲིན་ཐོ་འགོད་དང་། སློབ་གསོའི་གསོ་སྦྱོང་། སྨན་བཅོས་བདེ་སྲུང་བཅས་ཐད་ནས་སྤྱད་པའི་བྱེད་ཐབས་ལ་གཟེངས་བསྟོད་བྱས། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ཕཱ་ཁི་སི་ཐན་གྱིས་ཨ་ཧྥུའུ་ཧན་གྱི་ཡུལ་གྱར་བའི་གནད་དོན་ཐད་ཚེགས་དང་བརྩོན་འགྲུས་ཆེན་པོ་བཏོན་ཡོད་ཀྱང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གནད་དོན་དེའི་ཐད་ནས་ཕཱ་ཁི་སི་ཐན་ལ་རྒྱབ་སྐྱོར་བྱས་པ་ཧ་ཅང་ཉུང་། གནས་པའི་འགྲན་རྩོད་སྣ་ཚོགས་ལ་བསམ་བློ་བཏང་ན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་སྔར་ལས་མང་བའི་འགུལ་སྐྱོད་སྤེལ་དགོས་ཡོད་ཟེར། 

ཕཱ་ཁི་སི་ཐན་གྱི་ཙུང་ལི་དབྱེ་མུའུ་ལན་ཧན་གྱིས་ཚོགས་ཐོག་ནས་བཤད་རྒྱུར། དཔལ་འབྱོར་གྱི་འགྲན་རྩོད་ལ་འཕྲད་ཡོད་ཀྱང་། ཕའ་ཁི་སི་ཐན་གྱིས་འདས་པའི་ལོ་ངོ་བཅུ་ཕྲག་འགའི་ནང་ཤུགས་ཆེན་པོས་ཨ་ཧྥུའུ་ཧན་གྱི་ཡུལ་གྱར་བར་རོགས་རམ་བྱས་པ་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མི་ཆོས་རིང་ལུགས་རྨང་གཞིར་བྱས་ཏེ་ཨ་ཧྥུའུ་ཧན་གྱི་ཡུལ་གྱར་བར་ལས་ཞུགས་སོགས་ཁྱབ་ཁོངས་མང་བོ་ནས་རོགས་རམ་སྔར་ལས་ཆེན་པོ་བྱས་ནས། ཡུལ་གྱར་བའི་འཚོ་བ་ལེགས་བཅོས་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར། 

ཨ་ཧྥུའུ་ཧན་གྱི་ཞི་བདེ་འཕེལ་རིམ་གནད་དོན་གླེང་སྐབས་ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ཨ་ཧྥུའུ་ཧན་ལའང་ཞི་བདེ་དང་གཏན་འཇགས། དར་རྒྱས་འཕེལ་རྒྱས་བཅས་ཐོབ་དགོས་པས། ཕྱོགས་སོ་སོས་མིག་སྔའི་ཨ་ཧྥུའུ་ཧན་གྱི་ཞི་བདེ་འཕེལ་རིམ་ཁྲོད་བྱུང་བའི་གོ་སྐབས་དམ་འཛིན་གང་ལེགས་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།