ཀྲུང་གོ་བོད་ཀྱི་དྲ་བ།

སེ་ཕུའུ་ལུའུ་སི་དང་ཧྥ་རན་སི་ཡིས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སེ་ཕུའུ་ལུའུ་སི་དང་ཧྥ་རན་སི་ཡིས་ཚེས་བཅུ་བདུན་ཉིན་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ། 

བསྒྲགས་པ་ལྟར་ན། སེ་ཕུའུ་ལུའུ་སིའི་རྒྱལ་སྲུང་བློན་ཆེན་ཨན་རི་ལེ་ཏའེ་སི་ཡིས་ཚེས་བཅུ་བདུན་ཉིན་མཉམ་འབྲེལ་དམག་དོན་སྦྱོང་བརྡར་མགོ་རྩོམ་པའི་མཛད་སྒོར་བལྟས། ཁོས་བཤད་རྒྱུར། ཧྥ་རན་སིའི་ཏའེ་ཀོ་ལི་རྟགས་ཅན་གྱི་གནམ་གྲུ་འབབ་སའི་གྲུ་གཟིངས་དང་རླུང་ཤ་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཉིན་དེའི་དམག་དོན་སྦྱོང་བརྡར་ལ་ཞུགས་ཡོད་པ་དང་། མཉམ་འབྲེལ་དམག་དོན་སྦྱོང་བརྡར་གྱི་དམིགས་ཡུལ་ནི་ལད་བཟོའི་དམིགས་འབེན་ལ་ཆམ་ཕབ་བཏང་སྟེ་སེ་ཕུའུ་ལུའུ་སིའི་མཁའ་སྲུང་མ་ལག་ལེགས་སྒྲིག་བྱེད་པའི་ཆེད་ཡིན་ལ། ཕྱིན་ཆད་སེ་ཕུའུ་ལུའུ་སི་དང་ཧྥ་རན་སི་ཕྱོགས་གཉིས་ཀྱིས་རིགས་དེ་མཚུངས་ཀྱི་དམག་དོན་སྦྱོང་བརྡར་མང་དུ་སྤེལ་རྒྱུ་ཡིན་ཟེར། 

ཧྥ་རན་སིའི་རྒྱལ་སྲུང་བློན་ཆེན་ཕཱ་ལེ་ཚེས་བཅུ་བདུན་ཉིན་གྱི་དགོང་མོར་སེ་ཕུའུ་ལུའུ་སི་རུ་འཚམས་འདྲིར་ཡོང་། བསྒྲགས་པ་ལྟར་ན། ཕཱ་ལེ་ཡིས་སེ་ཕུའུ་ལུའུ་སིའི་ཙུང་ཐུང་དང་རྒྱལ་སྲུང་བློན་ཆེན་བར་གྲོས་མོལ་བྱེད་རྒྱུ་རེད། 

ཨན་རི་ལེ་ཏའེ་སི་ཡིས་བཤད་རྒྱུར། ཁོ་དང་ཕཱ་ལེ་་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་ས་ཁུལ་གྱི་ཉེན་ཁར་དཔྱད་འཇོག་བྱེད་པའི་ཐད་ནས་བསམ་འཆར་བརྗེ་རེས་བྱེད་པ་དང་། མཉམ་ལས་ལས་དོན་ལ་ཤུགས་སྣོན་བྱེད་པར་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།