མུའུ་ནེ་ཧེའི་བདེ་འཇགས་གྲོས་ཚོགས་སྐབས་ང་དྲུག་པ་གྲོལ།

༡.jpg

 ཟླ་གཉིས་པའི་ཚེས་བཅུ་དྲུག་ཉིན། འཇར་མན་གྱི་མུའུ་ནེ་ཧེ་ནས། མུའུ་ནེ་ཧེའི་བདེ་འཇགས་གྲོས་ཚོགས་ཀྱི་ཀྲུའུ་ཞི་བོ་ཨར་ཧྥུའུ་ཀང་དབྱེ་ཧྲིན་ཀི་ཨར་གྱིས་མཇུག་སྒྲིལ་བའི་གཏམ་བཤད་སྤེལ་བཞིན་པ། 

༢.jpg

ཟླ་གཉིས་པའི་ཚེས་བཅུ་དྲུག་ཉིན། འཇར་མན་གྱི་མུའུ་ནེ་ཧེ་ནས། མུའུ་ནེ་ཧེའི་བདེ་འཇགས་གྲོས་ཚོགས་ཀྱི་ཀྲུའུ་ཞི་བོ་ཨར་ཧྥུའུ་ཀང་དབྱེ་ཧྲིན་ཀི་ཨར་གྱིས་མཇུག་སྒྲིལ་བའི་གཏམ་བཤད་སྤེལ་བཞིན་པ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚོགས་ཡུན་ཉིན་གསུམ་ཡིན་པའི་མུའུ་ནེ་ཧེའི་བདེ་འཇགས་གྲོས་ཚོགས་སྐབས་ང་དྲུག་པ་ཚེས་བཅུ་དྲུག་ཉིན་འཇར་མན་ལྷོ་ཕྱོགས་ཀྱི་མུའུ་ནེ་ཧེ་གྲོང་ཁྱེར་ནས་གྲོལ། གྲོས་ཚོགས་སྐབས་སུ་ཚོགས་ཞུགས་སྐུ་མགྲོན་དག་གིས་ནུབ་ཕྱོགས་ཀྱི་ཆད་ཤོར་ཞེས་པའི་གྲོས་ཚོགས་ཀྱི་བརྗོད་སྙིང་དང་མིག་སྔའི་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་ནས་གྲོས་བསྡུར་བྱས། 

མུའུ་ནེ་ཧེའི་བདེ་འཇགས་གྲོས་ཚོགས་ཀྱི་ཀྲུའུ་ཞི་བོ་ཨར་ཧྥུའུ་ཀང་དབྱེ་ཧྲིན་ཀི་ཨར་གྱིས་གྲོས་ཚོགས་མཇུག་བསྡུ་བའི་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ཕྱོགས་སོ་སོས་གྲོས་ཚོགས་སྐབས་སུ་ནུབ་ཕྱོགས་ཀྱི་ཆད་ཤོར་ཞེས་པའི་གླེང་གཞི་དེའི་ཐད་ནས་གྲོས་བསྡུར་གཏིང་ཟབ་བྱས་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ཁོས་མིག་སྔའི་རྒྱལ་སྤྱིའི་གནད་དོན་གལ་ཆེན་གླེང་སྐབས་བསྟན་དོན། འགལ་བ་ཐག་གཅོད་བྱེད་པར་ཕན་ཚུན་གྱི་འདོད་ཚུལ་ལ་གསན་དགོས་པ་དང་། ཕན་ཚུན་གྱི་འདོད་ཚུལ་ལ་མ་ཉན་ན་གནད་དོན་འབྱུང་སྲིད་ཟེར། 

འཛམ་གླིང་ཡོངས་ཀྱི་འཕྲོད་བསྟེན་བདེ་འཇགས་དེ་ཡང་སྐབས་འདིའི་གྲོས་ཚོགས་ཀྱི་གླེང་གཞི་གཙོ་བོ་ཞིག་ཏུ་གྱུར་ཡོད། གྲོས་ཚོགས་སྐབས་སུ་ཀྲུང་གོའི་འཐུས་ཚབ་ཚོགས་པས་ཚོགས་ར་མང་བོ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་ལ་ལན་བཏབ་པ་དང་། ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱིས་བློ་སེམས་གཅིག་སྒྲིལ་བྱས་ཏེ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་རྒོལ་བྱེད་པར་འབད་འཐབ་བྱེད་པའི་གནས་ཚུལ་དང་། མཉམ་དུ་རིམས་ནད་ཐག་གཅོད་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་ཀྱི་གྲུབ་འབྲས་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཕྱོགས་ཡོངས་ཀྱི་རྒྱབ་སྐྱོར་ཐོབ་པ་བཅས་མཚམས་སྦྱོར་བྱས། 

སྐབས་འདིའི་མུའུ་ནེ་ཧེའི་བདེ་འཇགས་གྲོས་ཚོགས་ནི་ཚེས་བཅུ་བཞི་ཉིན་ནས་ཚེས་བཅུ་དྲུག་ཉིན་བར་མུའུ་ནེ་ཧེ་ནས་བསྡུས་པ་དང་། འཛམ་གླིང་ཡོངས་ཀྱི་ཆབ་སྲིད་ལས་རིགས་དང་ཚོང་དོན་ལས་རིགས། རིག་གཞུང་ལས་རིགས་སོགས་ཁྱབ་ཁོངས་ཀྱི་མཐོ་རིམ་རྒྱལ་སྤྱིའི་ཇུས་འདོན་པ་ལྔ་བརྒྱ་ལྷག་གྲོས་ཚོགས་ལ་ཞུགས་པ་དང་། དེའི་ནང་རྒྱལ་ཁབ་ཀྱི་མགོ་གཙོ་དང་སྲིད་གཞུང་གི་མགོ་ཁྲིད་པ་བཅུ་ཕྲག་འགའ་འདུས་ཡོད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།