ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཨུ་རུ་སི་དང་ཡོ་རོབ་གླིང་གི་འབྲེལ་བ་རྒྱུན་ལྡན་དུ་འགྱུར་བར་ཆ་རྐྱེན་གསུམ་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པ་ཀི་ལུའུ་ཧྲི་ཁི་ཡིས་ཚེས་བཅུ་དྲུག་ཉིན་བསྟན་དོན། ཨུ་རུ་སི་དང་ཡོ་རོབ་གླིང་གི་རྒྱུན་ལྡན་འབྲེལ་བ་སླར་གསོ་བྱེད་པར་ཆ་རྐྱེན་གསུམ་ཡོད་ཟེར། 

ཀི་ལུའུ་ཧྲི་ཁི་ཡིས་བཤད་རྒྱུར། ཨུ་རུ་སི་ཡིས་དངོས་ཡོད་ཀྱི་རྨང་གཞིའི་སྟེང་ཡོ་རོབ་གླིང་བར་གྱི་འབྲེལ་བར་གདེང་འཇོག་བྱེད་པ་ཡིན། གལ་ཏེ་ཡོ་རོབ་གླིང་གིས་བྱེ་བྲག་གི་མཉམ་ལས་བྱེད་ཐབས་མ་སྤྱད་ན་ཨུ་རུ་སི་དང་ཡོ་རོབ་གླིང་གི་འབྲེལ་བ་དེ་ལེགས་བཅོས་བྱེད་པར་དཀའ་ཁག་ཧ་ཅང་ཆེ་ཟེར། 

ཀི་ལུའུ་ཧྲི་ཁི་ཡིས་ཨུ་རུ་སི་དང་ཡོ་རོབ་གླིང་གི་འབྲེལ་བ་ལེགས་བཅོས་བྱེད་པར་ཆ་རྐྱེན་གསུམ་བཏོན། གཅིག་ནས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སི་དགྲ་རུ་འཛིན་པའི་ལངས་ཕྱོགས་རྩིས་མེད་དུ་བཏང་སྟེ། རོགས་ལས་ཀྱི་ལངས་ཕྱོགས་འཛིན་དགོས་པ་དང་། གཉིས་ནས་བྱང་ཆིངས་རྩ་འཛུགས་ཀྱིས་ཨུ་རུ་སི་ལ་ཚོད་འཛིན་བྱེད་པའི་བྱེད་ཐབས་མཚམས་བཞག་སྟེ་ཨུ་རུ་སི་ཡང་བསྐྱར་འཇམ་འཐབ་ཀྱི་གནས་སུ་ཁྲིད་པའི་གཡོ་ཇུས་བསྐྱུར་དགོས། གསུམ་ནས་ཡོ་རོབ་གླིང་གི་རྒྱལ་ཁབ་དག་ཨ་མེ་རི་ཁའི་ཤུགས་རྐྱེན་ལས་ཐར་ནས། ཨུ་རུ་སི་ལ་དམིགས་པའི་སྲིད་ཇུས་ལག་བསྟར་ཐད་ནས་རང་བདག་རང་བཞིན་མངོན་པར་བྱེད་དགོས། 

ཀི་ལུའུ་ཧྲི་ཁི་ཡིས་བསྟན་དོན། འཛམ་གླིང་གི་ཞི་བདེ་འཛུགས་སྐྲུན་བྱེད་པར་ཨུ་རུ་སིའི་བར་གྱི་མཉམ་ལས་དང་འབྲལ་ཐབས་མེད། རྒྱལ་ཁབ་སྔར་ལས་མང་བོས་ཡོ་རོབ་གླིང་བདེ་འཇགས་ཀྱི་མངོན་འགྱུར་དེ་ཡང་ཨུ་རུ་སི་དང་འབྲལ་ཐབས་མེད་པ་དང་། ཨུ་རུ་སི་ལ་ངོ་རྒོལ་བྱེད་པའི་རྨང་གཞིའི་སྟེང་ཡོ་རོབ་གླིང་གི་བདེ་འཇགས་འཛུགས་སྐྲུན་བྱེད་པར་མདུན་ལྗོངས་མེད་པ་གསལ་བོར་ཤེས་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།