ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དམག་དཔུང་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བཅུ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དམག་དཔུང་གིས་ཚེས་བཅོ་ལྔ་ཉིན་རྒྱལ་ཁབ་དེའི་བྱང་ཤར་ཕྱོགས་ཀྱི་རི་ཁུལ་དུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་སྦས་སྐོང་བྱེད་སར་ཆམ་ཕབ་བཏང་སྟེ། བསྡོམས་པས་དྲག་ཆས་ཉེས་ཅན་བཅུ་བསད་ཟེར། 

ཚེས་བཅོ་ལྔ་ཉིན་དབྱི་རག་གི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དམག་དཔུང་གི་མགྲིན་ཚབ་པ་ནོའུ་མན་གྱིས་བཤད་རྒྱུར། གསང་འཕྲིན་ལྟར་དུ། དབྱི་རག་གི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དམག་དཔུང་གིས་ཉིན་དེར་རྒྱལ་ཁབ་དེའི་བྱང་ཤར་ཕྱོགས་ཀྱི་ཞེ་མུའུ་ལིན་རི་ཁུལ་དུ་སྦས་སྐོང་བྱེད་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་སྦས་སྐོང་བྱེད་སར་ཆམ་ཕབ་བཏང་སྟེ། དྲག་ཆས་ཉེས་ཅན་བཅུ་བསད་པ་དང་། མཚོན་ཆ་དང་འགད་རྫས་སྐོར་ཞིག་གཞུང་བཞེས་བྱས་ཡོད་ཟེར། 

ཞེ་མུའུ་ལིན་རི་ཁུལ་ནི་དུས་ཡུན་རིང་བོར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་པའི་སྦས་སྐོང་བྱེད་ས་ཡིན་པ་རེད། ནོའུ་མན་གྱིས་བཤད་རྒྱུར། དབྱི་རག་གི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དམག་དཔུང་གིས་མུ་མཐུད་དུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ལྷག་འཕྲོར་དམིགས་པའི་གཙང་ཕྱགས་འགུལ་སྐྱོད་སྤེལ་ཏེ། ཧུར་ཐག་སྒོས་དྲག་ཆས་པའི་ལྷག་འཕྲོའི་འཇིགས་ཉེན་མེད་པར་གཏོང་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།