ཨ་མན་དང་དབྱིན་ཇི་ཡིས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མན་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གིས་ཚེས་བཅུ་གསུམ་ཉིན་ཨ་མན་གྱི་རྒྱལ་ས་མཱ་སི་ཁཱ་ཐི་དང་བར་ཐག་སྤྱི་ལེ་བརྒྱ་དང་བདུན་ཅུ་ཡོད་པའི་ལྷོ་ཕྱོགས་རི་ཁུལ་ནས་ཚབ་མིང་ལ་རི་ཁུལ་གྱི་དྲག་རླུང་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ། 

ཨ་མན་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པུའུ་ཡིས་ཚེས་བཅུ་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། ཐེངས་འདིའི་དམག་དོན་སྦྱོང་བརྡར་ནི་ཨ་མན་དང་མཛའ་མཐུན་རྒྱལ་ཁབ་ཀྱིས་སྤེལ་བའི་རྒྱུན་སྲོལ་གྱི་དམག་དོན་སྦྱོང་བརྡར་གྱི་ཁག་ཅིག་ཡིན་པ་དང་། དམིགས་ཡུལ་ནི་ཨ་མན་གྱི་དཔོན་དམག་གི་འཐབ་རྩལ་བྱང་ཚད་ཇེ་མཐོར་གཏོང་བ་དང་། དམག་དཔུང་གི་འཐབ་འཛིང་ནུས་པ་ཇེ་དྲག་ཏུ་གཏོང་བ། དབྱིན་ཇིའི་དམག་དཔུང་བར་གྱི་དམག་དོན་ཉམས་མྱོང་དང་མི་སྒེར་གྱི་རྩལ་ནུས་སོགས་ཐད་ཀྱི་བརྗེ་རེས་ལ་ཤུགས་སྣོན་བྱས་ཏེ། མཉམ་འབྲེལ་གྱིས་འཐབ་འཁྲུག་བྱེད་པའི་དགོས་མཁོ་དང་འཚམ་པར་བྱེད་པའི་ཆེད་དུ་ཡིན་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨ་མན་གྱི་གདུགས་མཆོངས་དམག་དཔུང་དང་སྐམ་དམག་གི་རུ་ཁག་མང་བོ་དམག་དོན་སྦྱོང་བརྡར་ལ་ཞུགས། དམག་དོན་སྦྱོང་བརྡར་ལ་ཞུགས་པའི་ཨ་མན་གྱི་དཔོན་དམག་གིས་ཨ་མན་དམག་དཔུང་གི་ཆེས་མཐོའི་ཆུ་ཚད་དང་བསམ་བློའི་རྣམ་པ་མངོན་པར་བྱས་ཡོད་ཟེར། 

གསལ་སྒྲོག་ལས་ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་རྒྱལ་ཁབ་གཉིས་ཀྱི་དམག་ཤུགས་ག་ཚོད་ཞུགས་ཡོད་པ་བྱེ་བྲག་ཏུ་གསལ་བོར་བཤད་མེད་པ་དང་། དམག་དོན་སྦྱོང་བརྡར་མཇུག་སྒྲིལ་བའི་དུས་ཚོད་ཀྱང་གསལ་བོར་བསྒྲགས་མེད། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།