ཀྲུང་གོ་བོད་ཀྱི་དྲ་བ།

ཧྥེ་ལེ་པེན་གྱིས་ཨ་མེ་རི་ཁའི་བར་གྱི་དམག་དཔུང་གི་འཚམས་འདྲིའི་གྲོས་མཐུན་ལག་བསྟར་བྱེད་མཚམས་འཇོག་རྒྱུ་ཐག་བཅད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥེ་ལེ་པེན་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་གཅིག་ཉིན་ཁྱབ་སྒྲོག་བྱས་དོན། ཧྥེ་ལེ་པེན་གྱིས་ཉིན་དེར་ཨ་མེ་རི་ཁའི་བར་གྱི་དམག་དཔུང་གི་འཚམས་འདྲིའི་གྲོས་མཐུན་ལག་བསྟར་བྱེད་མཚམས་འཇོག་རྒྱུ་ཐག་བཅད་ཡོད་ཟེར། 

ཧྥེ་ལེ་པེན་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། གྲོས་མཐུན་དེ་ལག་བསྟར་བྱེད་མཚམས་བཞག་པ་ནི་ཧྥེ་ལེ་པེན་གྱི་ཙུང་ཐུང་ཏུའུ་ཐི་ཨར་ཐིའི་བཀའ་ཡིན་ཟེར། ཧྥེ་ལེ་པེན་གྱི་ཕྱི་འབྲེལ་བློན་ཆེན་ལོ་ཆན་གྱིས་བསྟན་དོན། ཧྥེ་ལེ་པེན་དུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གི་འབྲེལ་ཡོད་འགན་ཁུར་བར་ཧྥེ་ལེ་པེན་གྱིས་གྲོས་མཐུན་དེ་ལག་བསྟར་བྱེད་མཚམས་འཇོག་པའི་བརྡ་འབྱོར་ཡོད་ཟེར། 

རྒྱུས་ལོན་བྱུང་བ་ལྟར་ན། ཏུའུ་ཐི་ཨར་ཐིའི་བྱ་སྤྱོད་འདིའི་ཁུངས་སྣེ་ནི་ཨ་མེ་རི་ཁའི་སྲིད་གཞུང་གིས་ད་ལོའི་ཟླ་དང་པོར་འགྲོ་མིའི་ཐོབ་ཐང་དང་འགལ་བ་རྒྱུ་མཚན་དུ་བྱས་ཏེ་ཧྥེ་ལེ་པེན་གྱི་ད་ལྟའི་རྒྱལ་ཚོགས་ཀྱི་གྲོས་མི་ཞིག་ལ་ཨ་མེ་རི་ཁར་འགྲོ་བའི་ལམ་ཡིག་མ་བྱིན་པ་དེ་རེད། ཏུའུ་ཐི་ཨར་ཐི་ཡིས་བསྟན་དོན། གལ་ཏེ་ཨ་མེ་རི་ཁས་བཅོས་བསྒྱུར་མ་བྱས་ན་ཧྥེ་ལེ་པེན་ཕྱོགས་ཀྱིས་ཟླ་རྗེས་མའི་ནང་དམག་དཔུང་གི་འཚམས་འདྲིའི་གྲོས་མཐུན་ལག་བསྟར་བྱེད་མཚམས་འཇོག་རྒྱུ་ཡིན་ཟེར། 

ཧྥེ་ལེ་པེན་གྱི་ཙུང་ཐུང་གི་མགྲིན་ཚབ་པ་ཕཱ་ནེ་ལོ་ཡིས་ཉིན་དེར་རྒྱུན་སྲོལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཏུའུ་ཐི་ཨར་ཐིའི་སྐད་ཆ་བཀོལ་ནས། ཧྥེ་ལེ་པེན་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ཐད་ནས་རྒྱལ་ཁབ་གཞན་པར་བརྟེན་པ་མ་ཡིན་པར་སྒེར་ཚུགས་དང་རང་བདག་གི་འགོག་སྲུང་སྟོབས་ཤུགས་ལ་ཤུགས་སྣོན་བྱེད་པའི་དུས་ལ་བབས་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།