ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་འཇིགས་སྐུལ་ཉེས་ཅན་བཅུ་བདུན་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཅིབ་ནང་སྲིད་པུའུ་ཡིས་ཚེས་བཅུ་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། བདེ་འཇགས་དམག་དཔུང་གིས་ཉིན་དེར་ཞི་ནེ་ཞིང་ཆེན་བྱང་མའི་ཨ་ལི་ཧྲི་གྲོང་ཁྱེར་ནས་འཇིགས་སྐུལ་ཉེས་ཅན་བཅུ་བདུན་བསད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་ཉིན་དེར་འཇིགས་སྐུལ་ཉེས་ཅན་གྱི་ཨ་ལི་ཧྲི་གྲོང་ཁྱེར་གྱི་སྦས་སྐོང་བྱེད་ས་ཞིག་ཏུ་གློ་བུར་དུ་འཇབ་རྒོལ་བྱས་པ་དང་། འཁྲུག་རྩོད་བྱེད་སྐབས་འཇིགས་སྐུལ་ཉེས་ཅན་བཅུ་བདུན་བསད་པ་དང་། རང་འགུལ་མེ་མདའ་དང་འགས་གཏོར་སྒྲིག་ཆས་སྐོར་ཞིག་གཞུང་བཞེས་བྱས་ཡོད་ཟེར། 

ཟླ་འདིའི་ཚེས་དགུའི་ཉིན། ཨེ་ཅིབ་དམག་ཕྱོགས་ཀྱིས་ཞི་ནེ་ཞིང་ཆེན་བྱང་མའི་བདེ་འཇགས་ཞིབ་བཤེར་ས་ཚིགས་ཤིག་ལ་དམིགས་པའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཕམ་ཉེས་སུ་བཏང་སྟེ། འཇིགས་སྐུལ་ཉེས་ཅན་བཅུ་བསད་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།