འཇར་པན་དང་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཉེ་ལམ་གྲོས་མོལ་བྱས་ཏེ་རྩོད་གཞིར་གྱུར་བའི་ས་ཁོངས་གནད་དོན་ལ་གྲོས་བསྡུར་བྱེད་ཀྱང་སྲིད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མུའུ་ནེ་ཧེའི་བདེ་འཇགས་གྲོས་ཚོགས་སྐབས་ང་ལྔ་བ་ཚེས་བཅོ་ལྔ་ཉིན་ནས་ཚེས་བཅུ་བདུན་ཉིན་བར་སྤེལ་རྒྱུ་ཡིན་པ་དང་། འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་མའོ་མུའུ་མེན་ཁྲུང་གིས་བསྟན་དོན། ཐེངས་འདིའི་གྲོས་ཚོགས་སྐབས་སུ་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་དང་གྲོས་མོལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་རྩོད་གཞིར་གྱུར་བའི་མངའ་ཁོངས་གནད་དོན་ལ་གྲོས་བསྡུར་བྱེད་པའི་འཆར་གཞི་ཡོད་ཟེར། 

མའོ་མུའུ་མེན་ཁྲུང་གིས་ཚེས་བཅུ་ཉིན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། གལ་ཏེ་བཀོད་སྒྲིག་གིས་ལོངས་ན་གཟའ་འཁོར་འདིའི་གཟའ་མཇུག་ཏུ་མུའུ་ནེ་ཧེའི་བདེ་འཇགས་གྲོས་ཚོགས་ལ་ཞུགས་རྒྱུ་ཡིན་ཟེར། 

མའོ་མུའུ་མེན་ཁྲུང་གིས་ད་རུང་བསྟན་དོན། འཇར་པན་ཕྱོགས་ཀྱིས་གྲོས་ཚོགས་སྐབས་སུ་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་དང་གྲོས་མོལ་བྱེད་པར་མཐུན་སྦྱོར་བྱེད་བཞིན་ཡོད་ཟེར། ཁོས་བཤད་རྒྱུར། ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་གཉིས་པར། ཕྱོགས་གཉིས་ཀྱིས་ཞི་བདེའི་ཆིངས་ཡིག་ཐད་ནས་གྲོས་བསྡུར་ནན་མོ་བྱས་ཡོད་ལ། ཐེངས་འདིར་གནད་དོན་དེའི་ཐད་ནས་ཨུ་རུ་སིའི་ཕྱོགས་དང་གྲོས་བསྡུར་གཏིང་ཟབ་ཏུ་སྤེལ་བའི་རེ་བ་ཡོད་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།