ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་དམག་དཔུང་གི་འཐབ་འཛིང་གནམ་གྲུས་ཅཱ་ཧྲ་་ས་ཁུལ་གྱི་ཕཱ་ལེ་སི་ཐན་དྲག་ཆས་རྩ་འཛུགས་ཀྱི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས་བཅུའི་ཉིན་གྱི་ཞོགས་པར་འཐབ་འཛིང་གནམ་གྲུ་མངག་སྟེ་ཅཱ་ཧྲ་་ས་ཁུལ་ལྷོ་ཕྱོགས་ཀྱི་ཧན་ཡུག་ནེ་སི་དང་ཏའེ་ཨར་པེད་ལཱ་ཧི་ས་ཁུལ་གཉིས་ཀྱི་ཕཱ་ལེ་སི་ཐན་དྲག་ཆས་རྩ་འཛུགས་ཀྱི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས། བར་སྣང་འཇབ་རྒོལ་དེ་ལས་མི་སྣར་ཤི་རྨས་ཐེབས་མེད། 

གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། དབྱི་སི་རལ་དམག་དཔུང་གི་འཐབ་འཛིང་གནམ་གྲུས་ཧན་ཡུག་ནེ་སིའི་ནུབ་བྱང་ཕྱོགས་ཀྱི་དམིགས་འབེན་ཞིག་ལ་འཕུར་མདའ་བཅུ་གཏོང་འཕེན་བྱས་པ་དང་། ཏའེ་ཨར་པེད་ལཱ་ཧི་ནུབ་ངོས་ཀྱི་དམིགས་འབེན་ཞིག་ལ་འཕུར་མདའ་གསུམ་གཏོང་འཕེན་བྱས། དམིགས་འབེན་དེ་གཉིས་ལ་གཏོར་བཤིག་ཚབས་ཆེན་བཏང་བ་དང་། ཉེ་འདབས་ཀྱི་དམངས་བཀོལ་རྒྱུ་ནོར་དང་ཞིང་སར་ཡང་གཏོར་བརླག་ཐེབས་ཡོད་ཟེར། 

དབྱི་སི་རལ་དམག་དཔུང་གིས་ད་རུང་ཅཱ་ཧྲའི་ཤར་ཕྱོགས་ཀྱི་དམིགས་འབེན་ཞིག་ལ་མེ་སྒྱོགས་གསུམ་གཏོང་འཕེན་བྱས་ཏེ་དམིགས་འབེན་ལ་གཏོར་བཤིག་ཚབས་ཆེན་བཏང་།

དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་དགུའི་ཉིན་ནེ་ཀིའི་རྒྱུན་ལྡན་གྱི་གྲོས་ཚོགས་སྟེང་དུ། དབྱི་སི་རལ་ཕྱོགས་ཀྱིས་ཕཱ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་དང་དབྱི་སི་ལན་འཐབ་མཆོག་རྩ་འཛུགས་ཅེ་ཧཱ་ཏི་གཉིས་ལ་ཆམ་ཕབ་དྲག་པོ་གཏོང་བའི་གྲ་སྒྲིག་གང་ལེགས་བྱས་ཡོད་པའི་ཉེན་བརྡ་བཏང་།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།