ཀྲུང་གོ་བོད་ཀྱི་དྲ་བ།

ཨ་སེ་པེད་ཅང་གིས་སྐབས་གསར་བའི་གྲོས་ཁང་གི་འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་སེ་པེད་ཅང་གིས་ཚེས་དགུའི་ཉིན་སྐབས་གསར་བའི་གྲོས་ཁང་གི་འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་སྤེལ། དེ་ནི་རྒྱལ་ཁབ་དེའི་ལོ་རྒྱུས་སྟེང་ཐོག་དང་པོར་གྲོས་ཁང་འདེམ་བསྐོ་སྔ་སྣུར་གྱིས་སྤེལ་བ་རེད། 

ཨ་སེ་པེད་ཅང་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཕཱ་ནཱ་ཕའོ་ཧྥུའུ་ཡིས་ཉིན་དེར་བཤད་རྒྱུར། ཐེངས་འདིའི་འདེམ་བསྐོའི་ཐོ་འགོད་བྱས་པའི་འདེམ་དམངས་ས་ཡ་ལྔ་དང་འབུམ་གསུམ་ཁྲི་གཉིས་ལས་བརྒལ་ཡོད་པ་དང་། བསྡོམས་པས་འདེམ་ཤོག་འཕེན་ས་སྟོང་ལྔ་དང་ལྔ་བརྒྱ་བདུན་བཅུ་བཀོད་སྒྲིག་བྱས་ཡོད་ལ། ཚེས་དགུ་ཉིན་གྱི་ཞོགས་པའི་དུས་ཚོད་བརྒྱད་ནས་དགོང་མོའི་དུས་ཚོད་བདུན་པར་འདེམ་ཤོག་འཕངས་པ་རེད། བསྡོམས་པས་འདེམ་སྒུག་མི་སྣ་སྟོང་གཅིག་དང་སུམ་བརྒྱ་བཅུ་བཞི་ཡིས་རྒྱལ་དམངས་གྲོས་ཁང་གི་ལས་གནས་བརྒྱ་དང་ཉེར་ལྔར་འགྲན་རྩོད་བྱེད་རྒྱུ་རེད། དེའི་ནང་མི་ཉིས་བརྒྱ་དང་ཞེ་དྲུག་ནི་ཏང་ཁག་བཅུ་དགུ་ནས་ཡོང་བ་དང་། དེའི་འཕྲོ་མ་དག་ནི་སྒེར་གྱི་འདེམ་སྒུག་མི་སྣ་རེད་ཟེར། 

ཨ་སེ་པེད་ཅང་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་ཉིན་འདེམ་ཤོག་རྩིས་ལེན་བྱས་པའི་ཐོག་མའི་མཇུག་འབྲས་ཁྱབ་སྒྲོག་བྱེད་རྒྱུ་རེད། ཧྲང་ཧེ་མཉམ་ལས་རྩ་འཛུགས་དང་ཡོ་རོབ་གླིང་བདེ་འགཇས་དང་མཉམ་ལས་རྩ་འཛུགས་སོགས་རྒྱལ་སྤྱིའི་རྩ་འཛུགས་ང་དགུ་དང་རྒྱལ་ཁབ་ང་བརྒྱད་ཀྱི་རྒྱལ་སྤྱིའི་ལྟ་ཞིབ་པ་བརྒྱད་བརྒྱ་དང་གྱ་གསུམ་གྱིས་ཨ་སེ་པེད་ཅང་རྒྱལ་ཁབ་རང་གི་ལྟ་ཞིབ་པ་དང་མཉམ་དུ་ཐེངས་འདིའི་འདེམ་བསྐོའི་བརྒྱུད་རིམ་ཧྲིལ་བོར་ལྟ་རྟོག་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།