ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་དམག་ཕྱོགས་ཀྱིས་སི་རི་ཡཱའི་བྱང་ཕྱོགས་ཀྱི་ས་ཞིང་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་དྲུག་བརྒྱ་ཕྱིར་འཕྲོག་ལེན་བྱས་པ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས་དགུའི་ཉིན་གསལ་སྒྲོག་སྤེལ་ཏེ། སི་རི་ཡཱའི་བྱང་ཕྱོགས་ཀྱི་དབྱེ་ཏི་ལེ་པུའུ་ཞིང་ཆེན་དང་ཨ་ལེ་ཕའོ་ཞིང་ཆེན་དུ་ས་ཞིང་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་དྲུག་བརྒྱ་ལྷག་ཕྱིར་འཕྲོག་ལེན་བྱས་ཡོད་པ་ཁྱབ་སྒྲོག་བྱས། 

སི་རི་ཡཱའི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱིའི་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། སི་རི་ཡཱའི་དམག་ཕྱོགས་ཀྱིས་དབྱེ་ཏི་ལེ་པུའུ་ཞིང་ཆེན་དང་ཨ་ལེ་ཕའོ་ཞིང་ཆེན་གྱི་དམག་དོན་འགུལ་སྐྱོད་ལ་གྲུབ་འབྲས་ཆེན་པོ་བླངས་ཡོད། མིག་སྔར་དབྱེ་ཏི་ལེ་པུའུ་ཤར་ཕྱོགས་དང་ཨ་ལེ་ཕའོ་ལྷོ་ཕྱོགས་ས་ཁུལ་དུ་ཡོད་པའི་དམག་དཔུང་གཉིས་ལྷན་དུ་འཛོམས་ཡོད། སྲིད་གཞུང་དམག་དཔུང་གིས་ཉིན་འགའི་ནང་སྡེ་བ་དང་གྲོང་རྡལ་བཅུ་ཕྲག་འགའ་དང་འཐབ་ཇུས་གནད་ས་འགའ་ཕྱིར་འཕྲོག་ལེན་བྱས་པ་དང་། ཡང་བསྐྱར་ཚོད་འཛིན་བྱས་པའི་ས་ཞིང་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་དྲུག་བརྒྱ་ལས་བརྒལ་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། སི་རི་ཡཱའི་དམག་དཔུང་གིས་མུ་མཐུད་དུ་ལས་འགན་ལག་བསྟར་བྱས་ནས་མངའ་ཁོངས་ཚང་མ་བཅིངས་འགྲོལ་གཏོང་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།