ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་ཐད་རྒྱབ་སྐྱོར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ2པའི་ཚེས6ཉིན་གྱི་ཉིན་གུང་གི་དུས་ཚོད་བཅུ་གཉིས་བར། ཨུ་རུ་སི་དཀར་པོ་དང་ཕཱ་ཁི་སི་ཐན། ཁྲའོ་ཞན་། ཧན་གོ། འཇར་པན། ཐེ་གོ། མཱ་ལེ་ཞི་ཡཱ། ཧིན་རྡུ་ཉི་ཞི་ཡཱ། མར་ཏེ་ཝེ། འབར་མ། འཇར་མན། དབྱིན་ཇི། ཧྥ་རན་སི། དབྱི་ཐཱ་ལེ། ཨོ་སི་ཁྲུ་རི་ཡཱ། ཧང་ག་རི། ཧཱ་སག་སི་ཐན། ལཱ་ཐའོ་ཝེ་ཡཱ། ཨེ་སོ་ནི་ཡཱ། ཐུར་ཁེ། དབྱི་ལིང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ཨར་ཅི་རི་ཡཱ། ཨེ་ཅིབ། དམར་ཐིག་ཀུའེ་ནེ་ཡཱ། ཨོ་སི་ཁྲུ་ལི་ཡཱ། ནེའུ་ཙེ་ལན། ཁཱ་ནཱ་ཏཱ། ཐི་ལི་ནེ་ཏཱ་དང་ཏའོ་པཱ་ཀི། ཀཱ་ནཱ་བཅས་རྒྱལ་ཁབ་མང་བོའི་སྲིད་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་ལང་ལོང་སྒོས་ཀྲུང་གོའི་ཕྱོགས་ལ་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་མཁོ་དངོས་ཞལ་འདེབས་སུ་ཕུལ་བ་དང་། དོན་དངོས་བྱ་སྤྱོད་ལས་ཀྲུང་གོའི་རིམས་ནད་འགོག་བཅོས་ཚོད་འཛིན་ཐད་རྒྱབ་སྐྱོར་བྱས། 

དེ་ལས་གཞན་ཨུ་རུ་སི་དང་ཨ་མེ་རི་ཁ། འཇར་པན། ཧན་གོ། སིང་ག་ཕོར། མཱ་ལེ་ཞི་ཡཱ། ཡོ་ནན། དབྱི་ལིང་། དབྱིན་ཇི། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། སོ་ཏི་ཨ་རབ། ཕེ་རུ་སོགས་རྒྱལ་ཁབ་མང་བོའི་ཁེ་ལས་དང་ལས་ཁུངས། མཛའ་མཐུན་མི་སྣ། ཕྱི་སྡོད་རང་མི་བཅས་ཀྱིས་ཀྱང་ཞལ་འདེབས་ཕུལ། དེའི་ནང་ཨ་མེ་རི་ཁའི་དམངས་ཁྲོད་ནས་སྨན་བཅོས་བརྟག་དཔྱད་ཀྱི་ཚད་འཇལ་སྒྲིག་ཆས་ཞལ་འདེབས་སུ་ཕུལ་བ་དང་། ཧན་གོ་དང་ཨུ་རུ་སི། མཱ་ལེ་ཞི་ཡཱ་བཅས་ཀྱི་དམངས་ཁྲོད་ནས་ཐེངས་མང་བོར་འགོག་སྲུང་ལྭ་བ་དང་འགོག་སྲུང་མིག་ཤེལ། ཁ་ཐུམ་སོགས་སྨན་བཀོལ་འགོག་སྲུང་མཁོ་དངོས་འདོན་སྤྲོད་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།