ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་ལྷོ་ཕྱོགས་ས་ཁུལ་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་བཅུ་གསུམ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཅིབ་ལྷོ་ཕྱོགས་ཀྱི་ཨ་སི་ཝང་ཞིང་ཆེན་གྱི་བྱེ་ཐང་གི་མྱུར་བགྲོད་གཞུང་ལམ་ཞིག་གི་སྟེང་ཚེས་དྲུག་ཉིན་གྱི་སྔ་དྲོར་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་གསུམ་ལ་རྨས་ཕོག་པ་དང་། མི་བདུན་ལ་རྨས་ཕོག་ཟེར། 

ཨ་སི་ཝང་ཞིང་ཆེན་འཕྲོད་བསྟེན་སྡེ་ཁག་གི་དཔོན་རིགས་ཀྱིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། དོན་རྐྱེན་བྱུང་སྐབས་དངོས་སྐྱེལ་རླངས་འཁོར་ཞིག་འགྲུལ་སྐྱེལ་རླངས་འཁོར་ཆུང་བ་ཞིག་ལ་ཐོ་བརྒྱབ་པ་དང་། འཕྲོད་བསྟེན་སྡེ་ཁག་གིས་མྱུར་སྐྱོབ་རླངས་འཁོར་བཅོ་ལྔ་ཡུལ་དངོས་སུ་མངག་སྟེ། རྨས་མ་དག་ཨ་སི་ཝང་སློབ་ཆེན་གྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།