ཀྲུང་གོ་བོད་ཀྱི་དྲ་བ།

སུའུ་ཏན་གྱི་མགོ་ཁྲིད་པས་དབྱི་སི་རལ་གྱི་ཙུང་ལིའི་བར་གྱི་གྲོས་མོལ་ལས་ཁེ་ཕན་ཆེན་པོ་འབྱུང་བར་རེ་བའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སུའུ་ཏན་མཉམ་འབྲེལ་བདག་དབང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པུའུ་ཨར་ཧན་གྱིས་ཚེས་ལྔ་ཉིན་བསྟན་དོན། ཁོ་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་གཉིས་ཀྱིས་ཉེ་སྔོན་ཝུ་ཀན་ཏཱ་ནས་སྤེལ་བའི་གྲོས་མོལ་དེས་སུའུ་ཏན་མི་དམངས་ཀྱི་དཀའ་སྡུག་སེལ་བ་དང་། སུའུ་ཏན་ལ་ཁེ་ཕན་ཆེན་པོ་བསྐྲུན་ཐུབ་པའི་རེ་བ་ཡོད་ཟེར། 

སུའུ་ཏན་དམག་ཕྱོགས་ཀྱིས་ཚེས་ལྔ་ཉིན་སྤེལ་བའི་གསལ་སྒྲོག་ལྟར་ན། པུའུ་ཨར་ཧན་གྱིས་སུའུ་ཏན་གྱིས་ད་ལྟ་དཔལ་འབྱོར་གྱི་གནོན་ཤུགས་ཆེན་མོར་གདོང་གཏད་ཡོད་པས། བློ་སྤོབས་ཆེན་མོའི་ཆོད་དོན་སྤེལ་ཏེ་སུའུ་ཏན་མི་དམངས་ཀྱི་དཀའ་སྡུག་སེལ་དགོས་པ་དང་། ཁོ་དང་ནེ་ཐཱ་ནི་ཡཱ་ཧུའུ་ཡི་གྲོས་མོལ་ལས་སུའུ་ཏན་ལ་ཁེ་ཕན་ཆེན་པོ་ཐོབ་ཏུ་འཇུག་ཐུབ་པའི་རེ་བ་ཡོད་ཟེར།

པུའུ་ཨར་ཧན་དང་ནེ་ཐཱ་ནི་ཡཱ་ཧུའུ་གཉིས་ཀྱིས་ཚེས་གསུམ་ཉིན་ཝུ་ཀན་ཏཱའི་ཨིན་ཏི་ཕའེ་གྲོང་ཁྱེར་ནས་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་འབྲེལ་བ་རྒྱུན་ལྡན་ཅན་གྱི་འཕེལ་རིམ་ལག་བསྟར་བྱེད་རྒྱུར་ཡིད་འཐད་བྱུང་། སུའུ་ཏན་དམག་ཕྱོགས་ཀྱི་མགྲིན་ཚབ་པ་ཧཱ་སིང་གིས་ཚེས་ལྔ་ཉིན་དོན་དེའི་ཐད་ནས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་པ་དང་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། སུའུ་ཏན་དམག་ཕྱོགས་ཀྱིས་བལྟས་ན། པུའུ་ཨར་ཧན་གྱིས་ཝུ་ཀན་ཏཱ་རུ་འཚམས་འདྲི་བྱས་པ་ལས་ཐོབ་པའི་གྲུབ་འབྲས་དེ་སུའུ་ཏན་རྒྱལ་ཁབ་ཀྱི་བདེ་འཇགས་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པར་ཕན་ཐོགས་ཡོད་པར་བསམ་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། པུའུ་ཨར་ཧན་དང་ནེ་ཐཱ་ནི་ཡཱ་ཧུའུ་ཡི་གྲོས་མོལ་ནི་ཨ་མེ་རི་ཁའི་རོགས་འདེགས་འོག་སྤེལ་བ་ཡིན་ལ། ཐེངས་འདིའི་གྲོས་མོལ་གྱི་དམིགས་ཡུལ་ནི་ཨ་མེ་རི་ཁས་ངོས་བཟུང་བྱས་པའི་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་ཀྱི་མིང་ཐོའི་ནང་ནས་སུའུ་ཏན་གྱི་མིང་འདོར་དུ་འཇུག་པའི་ཆེད་དུ་རེད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།