ཡོ་རོབ་གླིང་མནའ་འབྲེལ་གྱི་དཔོན་རིགས་ཀྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་དང་འབྲེལ་བའི་རྩོད་གླེང་ཐག་གཅོད་བྱེད་པར་ཆེས་མཇུག་མཐའི་དུས་ཡུན་གཏན་འཁེལ་བྱེད་མི་སྲིད་པའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་པའོ་ལོས་ལེ་ཡིས་ཚེས་བཞིའི་ཉིན་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་ཕྱོགས་ཀྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་དང་འབྲེལ་བའི་རྩོད་གླེང་ཐག་གཅོད་བྱེད་པར་ཆེས་མཇུག་མཐའི་དུས་ཡུན་གཏན་འཁེལ་མི་བྱེད་པར་ཡིད་འཐད་བྱུང་ཡོད་ཟེར། 

པའོ་ལོས་ལེ་ཡིས་དབྱི་ལིང་གསར་འགྱུར་ལས་རིགས་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་ཕྱོགས་ཀྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་དང་འབྲེལ་བའི་རྩོད་གླེང་ཐག་གཅོད་བྱེད་པའི་ཡུན་ཚད་ལ་བཀག་རྒྱ་མེད་པར་བྱེད་རྒྱུ་ཡིན་པ་དང་། ཆེས་མཇུག་མཐའི་དུས་ཡུན་གཏན་འཁེལ་མི་བྱེད་པ་དང་། གནད་དོན་དེ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་སྤྲོད་པར་སྔོན་འགོག་བྱེད་རྒྱུར་ཡིད་འཐད་བྱུང་ཡོད་ཟེར།

པའོ་ལོས་ལེ་ཡིས་བཤད་རྒྱུར། ང་ཚོས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་མཇུག་སྒྲིལ་བའི་འཕེལ་རིམ་ཞིག་ལག་བསྟར་བྱེད་འདོད་མེད་པ་དང་། ང་ཚོས་གྲོས་མཐུན་དེ་མྱུར་སྐྱོབ་བྱེད་པའི་རེ་བ་ཡོད་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།