ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཨ་མེ་རི་ཁའི་མཚོ་དམག་ལ་ཉིང་རྡུལ་མཚོན་ཆ་སྒྲིག་སྦྱོར་བྱས་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཚེས་བཞིའི་ཉིན་བཤད་རྒྱུར། ཨ་མེ་རི་ཁའི་མཚོ་དམག་ལ་ཉིང་རྡུལ་མདེལ་མགོ་ཅན་གྱི་ཆུ་འཛུལ་གྲུ་གཟིངས་ཀྱི་འཕུར་མདའ་སྒྲིག་སྦྱོར་བྱས་ཡོད་ཟེར། 

ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཉིན་དེར་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ཨ་མེ་རི་ཁའི་མཚོ་དམག་ལ་ཉིང་རྡུལ་མདེལ་མགོ་ཅན་གྱི་ཆུ་འཛུལ་གྲུ་གཟིངས་ཀྱི་འཕུར་མདའ་སྒྲིག་སྦྱོར་བྱས་ཡོད་ཟེར། གསལ་སྒྲོག་ལས་བྱ་སྤྱོད་དེ་ལས་ཨ་མེ་རི་ཁའི་ཟིལ་ཤུགས་ཇེ་ཆེར་འགྲོ་བ་དང་། ཨ་མེ་རི་ཁས་ཟིལ་ཤུགས་ཀྱི་ཡུན་བསྲིངས་པའི་དམ་བཅའ་མངོན་པར་བྱས་ཡོད་པར་མ་ཟད། མི་མངོན་པའི་དགྲ་བོར་ཚད་ཡོད་པའི་ཉིང་རྡུལ་ནུས་པའི་བཀོད་སྒྲིག་ལ་ཁྱད་སྟོབས་ཅི་ཡང་མེད་པ་གསལ་བོར་བསྟན་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཉིས་སྟོང་བཅོ་བརྒྱད་ལོར་སྤེལ་བའི་ཉིང་རྡུལ་ནུས་པའི་གནས་བབ་དཔྱད་འཇོག་ལས་བལྟས་ན། ཨ་མེ་རི་ཁའི་མི་མངོན་པའི་དགྲ་བོས་བལྟས་ན་ཉིང་རྡུལ་མཚོན་ཆ་བཀོད་སྒྲིག་བྱས་པ་ལས་ཨ་མེ་རི་ཁ་དང་དེའི་མནའ་མཐུན་གྲོགས་པོར་ཁྱད་སྟོབས་བསྐྲུན་སྲིད་པར་འདོད་ཡོད། དེ་བས་ཨ་མེ་རི་ཁའི་དམག་དཔུང་གིས་ཉིང་རྡུལ་མདེལ་མགོ་ཅན་གྱི་འཕུར་མདའ་སྐོར་ཞིག་ལ་ལེགས་བཅོས་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།