ཀྲུང་གོ་བོད་ཀྱི་དྲ་བ།

མའོ་ལོ་ཀི་ཡིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་ཚོགས་ཁག་ཅིག་ལ་གཏོར་བཤིག་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མའོ་ལོ་ཀིའི་ནང་སྲིད་པུའུ་ཡིས་ཚེས་བཞིའི་ཉིན་སྤྱི་སྒྲོག་སྤེལ་ཏེ། མའོ་ལོ་ཀིའི་ཀྲུང་དབྱང་ཁྲིམས་འཛིན་མཐུན་སྦྱོར་ཅུའུ་ཡིས་ཉིན་དེར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་བར་འབྲེལ་བ་ཡོད་པའི་ཚོགས་ཁག་ཅིག་ལ་གཏོར་བཤིག་བཏང་སྟེ། ཚོགས་ཁག་དེའི་ཁོངས་མི་དྲུག་པོ་ཚང་མ་འཛིན་བཟུང་བྱས་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། ཁོངས་མི་དྲུག་པོའི་ལོ་ཚོད་ནི་ལོ་བཅོ་བརྒྱད་ནས་ལོ་ང་དྲུག་བར་ཡིན་པ་དང་། སྔོན་ཆད་ཁཱ་སཱ་པུའུ་ལན་ཁཱ་དང་མུའུ་ཧན་མའོ་ཏིས་ཡེ། ཨེ་ཅི་ལཱ་ལེ་སོགས་ས་ཁུལ་དུ་འགུལ་སྐྱོད་བྱས་མྱོང་ལ། མའོ་ལོ་ཀིའི་མངའ་ཁོངས་ཀྱི་ས་ཁུལ་མང་བོར་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བཟོ་བའི་འཆར་གཞི་ཡོད་པ་རེད། 

སྤྱི་སྒྲོག་ལས་བཤད་རྒྱུར། ཉེན་རྟོག་ཕྱོགས་ཀྱིས་འཛིན་བཟུང་འགུལ་སྐྱོད་སྤེལ་སྐབས་གློག་རྡུལ་སྒྲིག་ཆས་དང་གྲི་སོག་དངོས་རྫས་གཞུང་བཞེས་བྱས་ཡོད། ཁྲིམས་འཛིན་སྡེ་ཁག་གིས་གྱོད་དོན་དེར་རྟོག་དཔྱོད་ཞིབ་ཏུ་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།