ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་དང་ལི་པུ་ཡཱའི་ཕྱི་འབྲེལ་བློན་ཆེན་གྱིས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ་སོགས་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20200204094140RPNk.jpg

ཟླ་གཉིས་པའི་ཚེས་གསུམ་ཉིན། དབྱི་རག་གི་རྒྱལ་ས་པཱ་ཀ་ཏཱ་ནས། དབྱི་རག་གི་ཕྱི་འབྲེལ་བློན་ཆེན་ཧཱ་ཅི་མུའུ་དང་ལི་པུ་ཡཱའི་ཕྱི་འབྲེལ་དང་རྒྱལ་སྲུང་བློན་ཆེན་ཀི་ཧྥུན་གཉིས་མཉམ་དུ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་ཞུགས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གི་ཕྱི་འབྲེལ་བློན་ཆེན་ཧཱ་ཅི་མུའུ་ཡིས་ཚེས་གསུམ་ཉིན་པཱ་ཀ་ཏཱ་ནས་འཚམས་འདྲིར་ཡོང་བའི་པུ་ལི་ཧྲིའི་ཕྱི་འབྲེལ་དང་རྒྱལ་སྲུང་བློན་ཆེན་ཀི་ཧྥུན་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་གྱི་འབྲེལ་བ་དང་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

ཧཱ་ཅི་མུའུ་ཡིས་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་མཉམ་ལས་བྱས་ཏེ་ཐལ་སྤྱོད་རིང་ལུགས་དང་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་བཏང་སྟེ། ཐལ་སྤྱོད་ཉེས་ཅན་ཡང་བསྐྱར་ཁ་དར་བར་སྔོན་འགོག་བྱེད་པར་གྲོས་བསྡུར་བྱས། ཕྱོགས་གཉིས་ཀྱིས་ད་རུང་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་ཕྱིར་ལྡོག་པའི་གནད་དོན་ལ་གྲོས་བསྡུར་བྱས། ཧཱ་ཅི་མུའུ་ཡིས་བསྟན་དོན། ད་ལྟའི་དུས་རིམ་དུ་ཐལ་སྤྱོད་རྩ་འཛུགས་སུ་ཞུགས་པའི་བུད་མེད་དང་བྱིས་པ་དག་ཕྱིར་ལྡོག་བྱེད་པར་བརྩོན་དགོས་ཟེར། 

ཀི་ཧྥུན་གྱིས་བསྟན་དོན། པུ་ལི་ཧྲི་ཡིས་དབྱི་རག་ལ་རོགས་རམ་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ་དང་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་འདོད་ཡོད། པུ་ལི་ཧྲི་ཡིས་དབྱི་རག་གི་བསྐྱར་འཛུགས་དང་གཏན་འཇགས་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར། 

དེ་ལས་གཞན་ཕྱོགས་གཉིས་ཀྱིས་ད་རུང་ཨ་མེ་རི་ཁ་དང་དབྱི་ལིང་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་བ་དང་། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་ཨ་མེ་རི་ཁས་བཏོན་པའི་དབུས་ཤར་ཞི་བདེའི་འཆར་གཞི་གསར་བ་དང་ལེན་མ་བྱས་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།