ཀྲུང་གོ་བོད་ཀྱི་དྲ་བ།

ཐན་ཙན་ནི་ཡཱ་ནས་རྡོག་བརྫིས་དོན་རྐྱེན་བྱུང་སྟེ་མི་སུམ་ཅུ་ལྷག་ལ་ཤི་རྨས་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐན་ཙན་ནི་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་གཉིས་ཉིན་བཤད་རྒྱུར། ཐན་ཙན་ནི་ཡཱའི་བྱང་ཕྱོགས་ཀྱི་ཆི་ལི་མཱ་ཀྲ་ལོ་ཞིང་ཆེན་མའོ་ཞེ་གྲོང་ཁྱེར་གྱི་ལུས་རྩལ་ར་བ་ཞིག་ནས་ཚེས་གཅིག་ཉིན་གྱི་དགོང་མོར་རྡོག་བརྫིས་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་ཉི་ཤུ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་དྲུག་ལ་རྨས་ཕོག་ཟེར། 

ཆི་ལི་མཱ་ཀྲ་ལོ་ཞིང་ཆེན་གྱི་ཉེན་རྟོག་ཅུའུ་ཡི་ཅུའུ་ཀྲང་ཧཱ་མུའུ་ཏཱ་ནེ་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། དོན་རྐྱེན་དེ་བྱུང་སྐབས་མི་སྟོང་ཕྲག་ལྷག་ལུས་རྩལ་ར་བའི་ནང་འདུས་ནས་ཆོས་ལུགས་ཆོ་ག་ཞིག་ལ་ཞུགས་བཞིན་ཡོད། དད་ལྡན་མང་ཚོགས་ཀྱིས་ལྷ་ཆབ་འཕྲོག་རྩོད་བྱས་ཏེ་རྡོག་བརྫིས་དོན་རྐྱེན་བྱུང་བ་རེད། 

ཉེན་རྟོག་ཕྱོགས་ཀྱིས་ཐེངས་འདིའི་བྱ་འགུལ་རྩ་འཛུགས་བྱེད་པའི་ཆོས་དཔོན་དང་བཅས་པའི་མི་བདུན་འཛིན་བཟུང་བྱས། 

ཐན་ཙན་ནི་ཡཱའི་ཉེན་རྟོག་ཕྱོགས་ཀྱི་སྤྱིའི་ལྟ་སྐུལ་བ་ཞི་ལོ་ཡིས་རྒྱལ་ཁབ་བརྙན་འཕྲིན་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཉེན་རྟོག་ཕྱོགས་ཀྱིས་ཉེ་སྔོན་སྙན་ཞུ་བྱས་པའི་ཆོས་ལུགས་ཀྱི་འདུ་ཚོགས་བྱ་འགུལ་བཅུ་ཕྲག་འགར་ལྟ་རྟོག་ནན་མོ་བྱེད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།