ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་སྲིད་གཞུང་དམག་དཔུང་གིས་ཧུའུ་སེ་དྲག་ཆས་པའི་མི་བསྡད་མེད་པའི་གནམ་གྲུ་ཞིག་སར་འཕངས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡེ་མིན་སྲིད་གཞུང་དམག་དཔུང་གིས་ཚེས་གཉིས་ཉིན་བཤད་རྒྱུར། ཉིན་དེར་མཚོ་དམར་གྱི་ཧི་ཐེ་ཏཱ་གྲོང་ཁྱེར་ནས་ཧུའུ་སེ་དྲག་ཆས་པའི་མི་བསྡད་མེད་པའི་གནམ་གྲུ་ཞིག་སར་འཕངས་ཟེར། 

ཡེ་མིན་སྲིད་གཞུང་དམག་དཔུང་གིས་གསལ་སྒྲོག་སྤེལ་ཏེ། ཧུའུ་སེ་དྲག་ཆས་པའི་མི་བསྡད་མེད་པའི་གནམ་གྲུ་དེ་ཉིན་དེར་ཧི་ཐེ་ཏཱའི་ལྷོ་ཕྱོགས་ཀྱི་ཏུའུ་ལཱ་ཧི་མུས་ས་ཁུལ་གྱི་མཁའ་དབྱིངས་ནས་སྲིད་གཞུང་དམག་དཔུང་གི་བཅའ་སྡོད་བྱེད་སར་དཔུང་འཇུག་བྱེད་རྩིས་བྱས་པ་དང་། སྲིད་གཞུང་དམག་གི་མཁའ་སྲུང་དམག་དཔུང་གིས་མི་བསྡད་མེད་པའི་གནམ་གྲུ་དེ་སར་འཕངས་པ་དང་། མི་སྣར་ཤི་རྨས་ཐེབས་མེད་ཟེར། 

ཧུའུ་སེ་དྲག་ཆས་པས་མིག་སྔར་དོན་དེའི་ཐད་ནས་རྣམ་འགྱུར་གང་ཡང་བསྟན་མེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།