ཀྲུང་གོ་བོད་ཀྱི་དྲ་བ།

ཙེ་ལེན་སི་ཅི་ཡིས་ཝུའུ་ཁི་ལན་གྱིས་ཨ་མེ་རི་ཁའི་བར་གྱི་རྒྱལ་སྲུང་བདེ་འཇགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་རྩིས་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཟླ་དང་པོའི་ཚེས་སོ་གཅིག་ཉིན་ཅི་ཧྥུའུ་ནས་བསྟན་དོན། ཨ་མེ་རི་ཁ་ནི་ཝུའུ་ཁི་ལན་གྱི་མནའ་མཐུན་གྲོགས་པོ་གཙོ་བོ་ཞིག་ཡིན་པ་དང་། ཝུའུ་ཁི་ལན་ཕྱོགས་ཀྱིས་རྒྱལ་སྲུང་དང་བདེ་འཇགས་ཁྱབ་ཁོངས་ནས་ཨ་མེ་རི་ཁའི་བར་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྩིས་ཡོད་པར་མ་ཟད། ཨ་མེ་རི་ཁ་ནས་མཚོན་ཆ་དང་སྒྲིག་ཆས་ཉོ་བསྡུ་བྱེད་པར་བསམ་བློ་གཏོང་བཞིན་ཡོད་ཟེར། 

ཙེ་ལེན་སི་ཅི་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་དང་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུ་སྤེལ། ཙེ་ལེན་སི་ཅི་ཡིས་བསྟན་དོན། ཝུའུ་ཁི་ལན་གྱིས་རྒྱལ་སྲུང་དང་བདེ་འཇགས་ཁྱབ་ཁོངས་ནས་ཨ་མེ་རི་ཁའི་བར་གྱི་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྩིས་ཡོད་པར་མ་ཟད། ཨ་མེ་རི་ཁས་བཟོས་པའི་ཐན་ཁི་འཁོར་ལོར་རྒོལ་བའི་འཕུར་མདའི་མ་ལག་ཉོ་བསྡུ་བྱེད་པ་དང་། དགོས་ངེས་ཀྱི་མཚོན་ཆ་དང་སྒྲིག་ཆས་ཉོ་བསྡུ་བྱས་ཏེ་ཝུའུ་ཁི་ལན་གྱི་མཚོ་དམག་གི་སྟོབས་ཤུགས་ལ་ཤུགས་སྣོན་བྱེད་རྒྱུ་མ་ཟད་ཨ་མེ་རི་ཁའི་བར་གྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས་རྒྱལ་སྲུང་བཟོ་ལས་ཀྱི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བར་བསམ་བློ་གཏོང་བཞིན་ཡོད་ཟེར། 

ཙེ་ལེན་སི་ཅི་ཡིས་ད་རུང་བསྟན་དོན། ཨ་མེ་རི་ཁས་ཝུའུ་ཁི་ལན་གྱི་དངུལ་གཏོང་ཤུགས་ཚད་ཇེ་ཆེར་གཏོང་བའི་རེ་བ་ཡོད་ཟེར། ཁོས་ཨ་མེ་རི་ཁའི་ཁེ་ལས་དག་ཝུའུ་ཁི་ལན་དུ་ཡོང་ནས་ལྕགས་ལམ་འཛུགས་སྐྲུན་དང་རང་བྱུང་སོལ་རླངས། རྡོ་སྣུམ་བཅས་ཀྱི་གསར་སྤེལ་བྱ་བའི་ནང་ཞུགས་པའི་གདན་ཞུ་བྱས། 

ཕིན་ཕའེ་ཨོ་ཡིས་བསྟན་དོན། ཝུའུ་ཁི་ལན་ནི་ཡོ་རོབ་གླིང་གི་ཡུལ་བབ་ཀྱི་ལྟེ་གནས་དང་ཡོ་རོབ་གླིང་ཤར་མའི་སྒོ་སྲུང་ཡིན་པ་དང་། ཡོ་རོབ་གླིང་གི་ནུས་ཁུངས་སྦུག་ལམ་ལ་དོ་དམ་བྱེད་བཞིན་ཡོད་པས། ཨ་མེ་རི་ཁ་ཕྱོགས་ཀྱིས་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་པའི་དམ་བཅའ་འགྱུར་མི་སྲིད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།