ཀྲུང་གོ་བོད་ཀྱི་དྲ་བ།

པའོ་ལེ་ཝེ་ཡཱའི་རྒྱང་བཞུད་འགྲུལ་སྐྱེལ་རླངས་འཁོར་ཞིག་གྲོག་རོང་དུ་ལྷུང་ནས་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  པའོ་ལེ་ཝེ་ཡཱའི་ནུབ་ཕྱོགས་ཀྱི་ལཱ་པཱ་སི་ཞིང་ཆེན་དུ་ཟླ་དང་པོའི་ཚེས་སོ་གཅིག་ཉིན་རྒྱང་བཞུད་འགྲུལ་སྐྱེལ་རླངས་འཁོར་ཞིག་གྲོག་རོང་དུ་ལྷུང་བའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་དྲུག་ལ་རྨས་ཕོག་ཡོད་ཟེར། 

པའོ་ལེ་ཝེ་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་རྟོག་ཞིབ་རགས་ཙམ་བྱས་པའི་མཇུག་འབྲས་ལྟར་ན། རྒྱང་བཞུད་འགྲུལ་སྐྱེལ་རླངས་འཁོར་དེ་ཉིན་དེའི་ཞོགས་པར་ལཱ་པཱ་སི་ཞིང་ཆེན་བྱང་ཕྱོགས་ཀྱི་ཁི་ལི་ཕཱ་ཐཱ་ནས་ལཱ་པཱ་སི་རུ་བགྲོད་བའི་སྐབས་སུ། ལམ་གྱི་དཀྱོགས་མཚམས་ཤིག་བརྒྱུད་སྐབས་གཞུང་ལམ་ལས་བརྒལ་ནས་གཏིང་ཚད་ལ་རྨིད་ལྔ་བཅུ་ཡོད་པའི་གྲོག་རོང་དུ་ལྷུང་བ་རེད། རྒུད་སྐྱོབ་མི་སྣས་དོན་རྐྱེན་བྱུང་སའི་ཡུལ་དངོས་ནས་འདས་པོའི་བེམ་པོ་བཅུ་བཞི་རྙེད་ཡོད་པ་དང་། གཞན་ཡང་རྨས་མ་གཅིག་སྨན་ཁང་དུ་བསྐྱལ་བའི་ལམ་བར་ནས་རྐྱེན་ལམ་དུ་ཤོར་བ་རེད། 

རྨས་མར་གསོ་བཅོས་བྱེད་པའི་སྨན་ཁང་གིས་བཤད་རྒྱུར། རྨས་མ་རེ་འགའི་རྨས་སྐྱོན་ཚབས་ཆེན་ཡིན་པས་འདས་པོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་ངེས་རེད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།