ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་དབྱི་ཏི་ལེ་པུའུ་ཞིང་ཆེན་གྱི་འཐབ་ཇུས་གྲོང་རྡལ་གལ་ཆེན་ཞིག་ཕྱིར་འཕྲོག་ལེན་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2020-01-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས་ཉེར་དགུའི་ཉིན་གསལ་སྒྲོག་སྤེལ་ཏེ། སི་རི་ཡཱའི་བྱང་ཕྱོགས་ཀྱི་དབྱེ་ཏི་ལེ་པུའུ་ཞིང་ཆེན་གྱི་འཐབ་ཇུས་གྲོང་རྡལ་གལ་ཆེན་མཱ་ལོས་ཐི་ནོའུ་མན་ཕྱིར་འཕྲོག་ལེན་བྱས་པ་ཁྱབ་སྒྲོག་བྱས། 

གསལ་སྒྲོག་ལས་བཤད་རྒྱུར། ཉིན་འགའི་རིང་བསྟུད་མར་དམག་དོན་འགུལ་སྐྱོད་སྤེལ་བ་བརྒྱུད། སྲིད་གཞུང་དམགད་པུང་གིས་མཱ་ལོས་ཐི་ནོའུ་མན་དང་དབྱི་ཏི་ལེ་པུའུ་ཞིང་ཆེན་ལྷོ་ཕྱོགས་ཀྱི་གྲོང་སྡེ་ཉེར་བརྒྱད་ཡོངས་སུ་ཚོད་འཛིན་བྱས་ཡོད། ཐེངས་འདིའི་འགུལ་སྐྱོད་ཀྱི་དམིགས་ཡུལ་ནི་འཇིགས་སྐུལ་རྩ་འཛུགས་ཀྱིས་སྡོད་ཁུལ་དང་སྲིད་གཞུང་དམག་དཔུང་གི་སྡོད་གནས་ལ་མེ་སྒྱོགས་ཀྱིས་འཇབ་རྒོལ་བྱེད་པར་བཀག་འགོག་བྱེད་པའི་ཆེད་ཡིན་ལ། དེའི་རྗེས་སུ་དམག་ཕྱོགས་ཀྱིས་མུ་མཐུད་དུ་འཇིགས་སྐུལ་རྩ་འཛུགས་གཙང་ཕྱགས་བྱེད་རྒྱུ་ཡིན་ཟེར། 

མཱ་ལོས་ཐི་ནོའུ་མན་ནི་དབྱེ་ཏི་ལེ་པུའུ་ཞིང་ཆེན་ལྷོ་ཕྱོགས་ས་ཁུལ་དུ་ཡོད་པ་དང་། ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པའི་དབྱེ་ཏི་ལེ་པུའུ་ཞིང་ཆེན་གྱི་སྡོད་གནས་གཙོ་བོ་ཞིག་རེད། མཱ་ལོས་ཐི་ནོའུ་མན་འཕྲོག་ལེན་བྱེད་ཆེད། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ཉེ་སྔོན་དབྱེ་ཏི་ལེ་པུའུ་ཞིང་ཆེན་ལྷོ་ཕྱོགས་ས་ཁུལ་དུ་བསྟུད་མར་དམག་དོན་འགུལ་སྐྱོད་སྤེལ་བར་མ་ཟད། ཚེས་ཉེར་བརྒྱད་ཉིན་མཱ་ལོས་ཐི་ནོའུ་མན་ལ་དཔུང་འཇུག་བྱས་ཏེ་དྲག་ཆས་ཉེས་ཅན་བར་འཁྲུག་རྩོད་དྲག་པོ་བྱུང་། 

སི་རི་ཡཱའི་དབྱེ་ཞིབ་མི་སྣས་བལྟས་ན། སི་རི་ཡཱའི་དམག་དཔུང་གིས་མཱ་ལོས་ཐི་ནོའུ་མན་འཕྲོག་ལེན་བྱས་པའི་རྒྱུ་མཚན་ནི་ཧཱ་མཱ་དང་ཨ་ལེ་ཕའོ་བར་གྱི་གཞུང་ལམ་ཡང་བསྐྱར་བདག་ཏུ་འཛིན་པ་དང་། དེ་ལས་རྒྱལ་ས་ཏཱ་མཱ་ཧྲི་ཀི་ནས་བྱང་ཕྱོགས་ཀྱི་ཨ་ལེ་ཕའོ་གྲོང་རྡལ་བར་གྱི་འགྲིམ་འགྲུལ་སླར་གསོ་བྱེད་པའི་ཆེད་དུ་ཡིན་པར་འདོད། 

རྩོམ་སྒྲིག་པ། : འབུམ་པ་རྒྱལ།