ཀྲུང་གོ་བོད་ཀྱི་དྲ་བ།

སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་དབྱི་སི་རལ་སྤྱི་དམངས་ཀྱིས་མིག་སྔར་སོ་ཏི་ཨ་རབ་ཏུ་འཚམས་འདྲི་བྱེད་མི་རུང་བར་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥེ་སཱ་ཨར་གྱིས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། དབྱི་སི་རལ་གྱི་སྤྱི་དམངས་ཀྱིས་མིག་སྔར་སོ་ཏི་ཨ་རབ་ཏུ་འཚམས་འདྲི་བྱེད་མི་རུང་ཟེར། 

ཧྥེ་སཱ་ཨར་གྱིས་ཕྱི་རྒྱལ་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ང་ཚོའི་སྲིད་ཇུས་ནི་ནམ་ཡང་འགྱུར་བ་མེད། སོ་ཏི་ཨ་རབ་དང་དབྱི་སི་རལ་གྱིས་ཕྱི་ཕྱོགས་འབྲེལ་བ་བཙུགས་མེད་ལ། དབྱི་སི་རལ་གྱི་ལམ་ཡིག་ཡོད་པའི་མི་རྣམས་མིག་སྔར་སོ་ཏི་ཨ་རབ་ཏུ་འཚམས་འདྲི་བྱེད་མི་རུང་ཟེར། 

ཧྥེ་སཱ་ཨར་གྱིས་བལྟས་ན། དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱིས་ཞི་བདེའི་གྲོས་མཐུན་བཀོད་ཚེ། དབྱི་སི་རལ་དང་ས་ཁུལ་རང་གི་མཉམ་འབྲེལ་གྱི་གནད་དོན་དེ་ད་གཟོད་གྲོས་རིམ་དུ་འདོན་སྲིད་པར་འདོད། 

དབྱི་སི་རལ་ནང་སྲིད་པུའུ་ཡིས་ཚེས་ཉེར་དྲུག་ཉིན་ཁྱབ་སྒྲོག་བྱས་དོན། རྒྱལ་ཁབ་རང་གི་སྤྱི་དམངས་ཀྱིས་ཆོས་ལུགས་དང་ཚོང་དོན་དམིགས་ཡུལ་དུ་བྱས་ཏེ་སོ་ཏི་ཨ་རབ་ཏུ་འཚམས་འདྲི་བྱས་ཆོག་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།