ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ལེ་སི་ཐན་གྱི་ཙུང་ལི་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་མེ་རི་ཁའི་དུས་རབས་གྲོས་མཐུན་ཁས་ལེན་བྱེད་མི་རུང་བའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ལེ་སི་ཐན་གྱི་ཙུང་ལི་ཨ་ཧྲི་ཐིས་ཡེ་ཡིས་ཚེས་ཉེར་བདུན་ཉིན་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་གྲོང་ཁྱེར་ལཱ་མུའུ་ཧན་ལཱ་ནས་བཤད་རྒྱུར། ཨ་མེ་རི་ཁས་མི་འགྱངས་པར་ཁྱབ་སྒྲོག་བྱེད་རྒྱུ་ཡིན་པའི་ཕཱ་ལེ་སི་ཐན་དང་དབྱི་སི་ལན་གྱི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བའི་དུས་རབས་གྲོས་མཐུན་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གྲོས་མཐུན་དེ་དང་ལེན་བྱེད་མི་རུང་ཟེར། 

ཨ་ཧྲི་ཐིས་ཡེ་ཡིས་ཕཱ་ལེ་སི་ཐན་གྱི་གཟའ་འཁོར་རེའི་རྒྱུན་ལྡན་གྱི་ནེ་ཀིའི་གྲོས་ཚོགས་སྟེང་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་མེ་རི་ཁའི་དུས་རབས་གྲོས་མཐུན་གཡོ་ཇུས་ཀྱི་ངན་གྲོགས་སུ་འགྱུར་བར་སྔོན་འགོག་བྱེད་དགོས་པ་དང་། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་དུས་རབས་གྲོས་མཐུན་དང་ལེན་བྱེད་མི་སྲིད། གྲོས་མཐུན་དེ་ནི་ཕཱ་ལེ་སི་ཐན་ལས་དོན་ལ་གཏོར་བརླག་བྱེད་པའི་གཡོ་ཇུས་ཤིག་ཡིན་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཡོད། ཕཱ་ལེ་སི་ཐན་མི་དམངས་ཀྱི་མི་རིགས་ཁེ་དབང་མེད་པར་གཏོང་བའི་འགྲོ་སོང་གིས་དབྱི་སི་རལ་གྱི་རེ་བ་ཡོད་ཚད་བསྐང་ཡོད་ཟེར། 

ཨ་ཧྲི་ཐིས་ཡེ་ཡིས་ད་རུང་བསྟན་དོན། ཨ་མེ་རི་ཁས་བཏོན་པའི་གྲོས་མཐུན་དེ་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པའི་རྒྱབ་བརྟེན་དུ་འགྱུར་མི་རུང་བ་དང་། ཨ་མེ་རི་ཁ་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེའི་འཕེལ་རིམ་གྱི་དྲང་བདེན་འདུམ་འགྲིག་པ་ཡིན་པའི་ཆ་ནས་ཡིད་ཆེས་མེད་པར་གྱུར་ཡོད་ཟེར། 

རྒྱུས་ལོན་བྱུང་བ་ལྟར་ན། ཕཱ་ལེ་སི་ཐན་གྱི་ཙུང་ལི་ཨ་པཱ་སི་ཡིས་ཕཱ་ལེ་སི་ཐན་གྱི་ཕྱོགས་ཁག་སོ་སོའི་མཐོ་རིམ་མགོ་ཁྲིད་པ་བསྡུས་ནས་གྲོས་ཚོགས་བསྡུས་ཏེ། གོམ་རིམ་རྗེས་མའི་བྱེད་ཐབས་ལ་གྲོས་བསྡུར་བྱས་ནས་ཨ་མེ་རི་ཁའི་དུས་རབས་གྲོས་མཐུན་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།