ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་ཧཱ་མཱ་སིའི་དམག་དོན་དམིགས་འབེན་མང་བོར་འགས་གཏོར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གིས་ཚེས་ཉེར་ལྔ་ཉིན་གྱི་ནམ་གུང་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་དམག་དཔུང་གིས་ཉིན་དེའི་དགོང་མོར་འཐབ་འཛིང་གནམ་གྲུ་མངག་སྟེ་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་ཅཱ་ཧྲའི་ལྷོ་ཕྱོགས་ས་ཁུལ་དུ་ཡོད་པའི་དམག་དོན་དམིགས་འབེན་མང་བོར་འགས་གཏོར་བཏང་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཉིན་དེའི་ཞོགས་པར། འགས་གཏོར་སྒྲིག་ཆས་ཁྱེར་བའི་དབུགས་ལྒང་ཞིག་ཅཱ་ཧྲ་ས་ཁུལ་ནས་དབྱི་སི་རལ་གྱི་མངའ་ཁོངས་སུ་འཕུར་ཡོང་། དེའི་ལན་དུ་དབྱི་སི་རལ་དམག་དཔུང་གི་འཐབ་འཛིང་གནམ་གྲུས་ཉིན་དེའི་དགོང་མོར་ཧཱ་མཱ་སིའི་ཅཱ་ཧྲའི་ལྷོ་ཕྱོགས་ས་ཁུལ་དུ་ཡོད་པའི་དམག་དོན་དམིགས་འབེན་མང་བོར་འགས་གཏོར་བཏང་བ་དང་། དེའི་ནང་མཚོན་ཆ་བཟོ་སའི་རྟེན་གཞི་ཞིག་དང་དམག་དོན་སྒར་ས་ཞིག་འདུས་ཟེར། 

ཕཱ་ལེ་སི་ཐན་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་དམག་དཔུང་གིས་ཐེངས་འདིའི་འགས་གཏོར་ལས་མི་སྣར་ཤི་རྨས་བཟོས་མེད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།