ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མཐུན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་དངོས་གཞི་མིན་པའི་གྲོས་ཚོགས་པུའུ་ལུའུ་སེར་ནས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མཐུན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་དངོས་གཞི་མིན་པའི་གྲོས་ཚོགས་ཉེ་སྔོན་པུའུ་ལུའུ་སེར་ནས་སྤེལ། གྲོས་ཚོགས་ནས་གྲོས་མཐུན་ལག་བསྟར་གནས་ཚུལ་དང་ཡོ་རོབ་གླིང་གི་རྒྱལ་ཁབ་གསུམ་གྱིས་གྲོས་མཐུན་གྱི་རྩོད་གཞི་ཐག་གཅོད་བྱེད་པའི་རྐྱེན་སྲོལ་ལག་བསྟར་བྱེད་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་གྲོས་ཚོགས་ནི་ཀྲུང་གོ་ཕྱོགས་ཀྱི་གྲོས་གཞི་ལྟར་ཚེས་ཉེར་གཉིས་ཉིན་སྤེལ། གྲོས་ཚོགས་ལ་ཞུགས་པའི་ཕྱོགས་ཁག་སོ་སོས་རྩོད་གཞི་ཐག་གཅོད་རྐྱེན་སྲོལ་དང་འབྲེལ་བའི་ལས་རིམ་རང་བཞིན་གྱི་གནད་དོན་ཐད་ནས་ལངས་ཕྱོགས་མི་འདྲ་བ་བསྟན་ཡང་། ཚང་མས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལ་སྲུང་སྐྱོབ་བྱེད་པར་འབད་བརྩོན་བྱེད་རྒྱུ་བསྐྱར་སྒྲོག་བྱས་ཤིང་། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མཐུན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་སྒྲོམ་གཞིའི་ནང་གྲོས་མོལ་ལ་བརྟེན་ནས་གྲོས་མཐུན་ལག་བསྟར་བྱེད་པའི་འགལ་བ་ཐག་གཅོད་བྱེད་པ་དང་། ཁེ་དབང་སླར་གསོ་དང་འོས་འགན་དོ་མཉམ་པའི་ཐག་གཅོད་ཇུས་གཞིར་གྲོས་བསྡུར་བྱས་ཏེ། ཤུགས་ཆེན་པོས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་དེ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་སྤྲོད་པར་སྔོན་འགོག་བྱེད་འདོད་ཡོད་པའི་ཚུལ་བསྟན། གྲོས་ཚོགས་ནས་མཇུག་མཐར་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ་དང་འགལ་བར་ཚོད་འཛིན་བྱེད་པ། གནས་བབ་གཏན་འཇགས་ཡོང་བར་བྱེད་པའི་དམིགས་འབེན་མངོན་འགྱུར་བྱས།

རྩོམ་སྒྲིག་པ། : བསམ་ནོར།