ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ལེ་སི་ཐན་དཔོན་ཕྱོགས་ཀྱིས་ཨ་མེ་རི་ཁའི་བར་དུས་རབས་གྲོས་མཐུན་ལ་གྲོས་བསྡུར་བྱས་མེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་བཞུགས་ཤག་གིས་ཚེས་ཉེར་བཞིའི་ཉིན་གསལ་སྒྲོག་སྤེལ་ཏེ། ཕཱ་ལེ་སི་ཐན་གྱིས་ཨ་མེ་རི་ཁའི་དབང་འཛིན་ལས་ཁུངས་བར་ཨ་མེ་རི་ཁས་དུས་རབས་གྲོས་མཐུན་དུ་འབོད་པའི་དབུས་ཤར་ཞི་བདེའི་འཆར་གཞི་གསར་བར་གྲོས་བསྡུར་བྱས་མྱོང་མེད་ཟེར། 

ཕཱ་ལེ་སི་ཐན་གྱི་ཙུང་ཐུང་བཞུགས་ཤག་གི་མགྲིན་ཚབ་པ་ཨ་པུའུ་ལུའུ་ཏའེ་ནཱ་ཡིས་གསལ་སྒྲོག་ཅིག་ལས་བསྟན་དོན། ཕཱ་ལེ་སི་ཐན་གྱིས་ཨ་མེ་རི་ཁ་དང་མཉམ་དུ་དབུས་ཤར་ཞི་བདེའི་འཆར་གཞི་གསར་བའི་ཐད་ནས་རྣམ་པ་གང་རུང་གི་གྲོས་མོལ་བྱས་མྱོང་མེད་ཟེར། 

ཨ་པུའུ་ལུའུ་ཏའེ་ནཱ་ཡིས་བཤད་རྒྱུར། ཕཱ་ལེ་སི་ཐན་ཕྱོགས་ཀྱི་ལངས་ཕྱོགས་གསལ་ཞིང་བརྟན་པོ་ཡིན། དེ་ནི་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡི་ཡེ་ལུའུ་སཱ་ལེམ་དང་འབྲེལ་བའི་ཆོད་དོན་མང་ཆེ་བ་དང་། དུས་རབས་གྲོས་མཐུན་གྱི་ནང་དོན་ཧྲིལ་བོ་ཁས་ལེན་བྱེད་མི་སྲིད་པ་དེ་ཡིན་ཟེར། 

ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་མགྲིན་ཚབ་པ་ཁཱ་ཞི་མུའུ་ཡིས་ཀྱང་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁས་བཏོན་པའི་ཕཱ་ལེ་སི་ཐན་མི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་པ་བཟོ་བའི་ཇུས་གཞི་གང་རུང་དང་ལེན་བྱེད་མི་སྲིད་ཟེར། 

བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་ཉེར་གསུམ་ཉིན་བསྟན་དོན། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་མི་འགྱངས་པར་ཨ་མེ་རི་ཁར་འཚམས་འདྲི་བྱེད་པར་རམ་འདེགས་བྱེད་ཆེད། ཨ་མེ་རི་ཁ་ཕྱོགས་ཀྱིས་ཉེ་སྔོན་དུས་རབས་གྲོས་མཐུན་གྱི་ནང་དོན་ཁྱབ་སྒྲོག་བྱེད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : བསམ་ནོར།