ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་དབུས་ཤར་ལས་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་ཚེས་ཉེར་གསུམ་ཉིན་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་པའོ་ལེ་ཧིན་གྲོང་ཁྱེར་ནས་འཚམས་འདྲིར་ཡོང་བའི་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་ས་ཁུལ་ལས་དོན་གྱི་གནས་ཚུལ་གསར་བར་གྲོས་བསྡུར་བྱས། 

ཨ་པཱ་སི་ཡིས་ཐུག་འཕྲད་བྱེད་སྐབས་ཨུ་རུ་སི་ཡིས་ཆབ་སྲིད་དང་དཔལ་འབྱོར། རིག་གནས། དངུལ་ལོར། བདེ་འཇགས་སོགས་ཀྱི་ཐད་ནས་ཕཱ་ལེ་སི་ཐན་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། ཕུའུ་ཅིན་གྱིས་ས་ཁུལ་ལས་དོན་ཁྲོད་འདོན་སྤེལ་བྱས་པའི་ནུས་པ་དང་ཨ་རབ་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱས་པར་གཟེངས་བསྟོད་བྱས། 

ཨ་པཱ་སི་ཡིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་དུས་བཅད་ལྟར་ཕན་ཚུན་འཚམས་འདྲི་བྱས་ཏེ། ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་གྲོས་མོལ་བྱེད་པར་གལ་འགངས་ཧ་ཅང་ཆེ་ཟེར། 

ཕུའུ་ཅིན་གྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་ཕཱ་ལེ་སི་ཐན་ཕྱོགས་ཀྱིས་ཡིའུ་ཐེ་བའི་གཏན་སྡོད་གནད་དོན་ལ་སེམས་ཁུར་བྱེད་པར་རྒྱུས་ལོན་ཐུབ་ལ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་འབྲེལ་བ་སྲ་བརྟན་དང་ཤུགས་སྣོན་བྱེད་འདོད་ཡོད་ཟེར། 

ཕྱོགས་གཉིས་ཀྱིས་ད་རུང་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེའི་འཕེལ་རིམ་གྱི་གནས་ཚུལ་གསར་བ་སོགས་ལ་གྲོས་བསྡུར་བྱས།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།