ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་གྱི་ལོ་བཅུའི་འགུལ་སྐྱོད་འཆར་གཞི་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།   རྩོམ་པ་པོ། : 选择作者   སྤེལ་དུས། : 2020-01-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚེས་ཉེར་གཉིས་ཉིན་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་གྱི་ལོ་བཅུའི་འགུལ་སྐྱོད་འཆར་གཞི་དངོས་སུ་བཏོན་ཏེ། དབུལ་ཕོངས་དང་ནམ་ཟླའི་འགྱུར་ལྡོག་སོགས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ཛ་དྲག་མྱུར་དུ་ཐག་གཅོད་བྱས་ནས། ཉིས་སྟོང་སུམ་ཅུ་ལོའི་བར་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པ་སྙིང་བོར་གྱུར་བའི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་ལ་ཁག་ཐེག་བྱེད་དགོས་པའི་འབོད་སྐུལ་བཏང་། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཚང་མར་དངོས་གཞི་མིན་པའི་བྱ་བའི་སྙན་ཞུ་འབུལ་སྐབས་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་བཅུ་བདུན་མངོན་འགྱུར་བྱེད་པའི་ཐད་ནས་གྲུབ་འབྲས་གང་མང་བླངས་ཡོད་ཀྱང་། སྤྱིའི་ཆ་ནས་བརྗོད་ན་འགུལ་སྐྱོད་དེར་མཁོ་བའི་མྱུར་ཚད་དང་གཞི་རྒྱས་སྐུལ་འདེད་གཏོང་ཐུབ་མེད་པས། བློ་སྤོབས་ཆེ་བའི་ལོ་བཅུའི་འགུལ་སྐྱོད་ལག་བསྟར་བྱས་ཏེ་ཉིས་སྟོང་སུམ་ཅུ་ལོར་དམིགས་འབེན་དེ་དག་བདེ་བླག་ངང་མངོན་འགྱུར་བྱེད་པར་སྟབས་བདེ་བཟོ་དགོས་ཟེར། 

ཀུའུ་ཐི་ལོས་སི་ཡིས་རིམ་པ་གསུམ་ནས་འཆར་གཞི་དེར་སྐུལ་འདེད་གཏོང་རྒྱུའི་འབོད་སྐུལ་བཏང་བཏང་ཡོད་དེ། འཛམ་གླིང་ཡོངས་ཀྱི་འགུལ་སྐྱོད་སྤེལ་བ་དང་མགོ་ཁྲིད་ནུས་པ་ཇེ་དྲག་ཏུ་གཏོང་བ། ཐོན་ཁུངས་སྔར་ལས་མང་བོ་གཏོང་བ། ཐག་གཅོད་ཇུས་གཞི་སྔར་ལས་བཟང་བོ་ལག་བསྟར་བྱེད་དགོས། ས་ཁུལ་གྱི་འགུལ་སྐྱོད་ཇེ་དྲག་ཏུ་བཏང་སྟེ། སྲིད་གཞུང་དང་གྲོང་ཁྱེར། ས་གནས་དབང་འཛིན་ལས་ཁུངས་ཀྱི་སྲིད་ཇུས་དང་། སྔོན་རྩིས། ལས་ཁུངས། ལྟ་རྟོག་དོ་དམ་སྒྲོམ་གཞིའི་ནང་དགོས་ངེས་ཀྱི་འཕེལ་སྟངས་བསྒྱུར་དགོས། ན་གཞོན་དང་དམངས་ཁྲོད་སྤྱི་ཚོགས། སྨྱན་བྱད། སྒེར་གཉེར་སྡེ་ཁག བཟོ་ཚོགས། རིགས་གཞུང་ལས་རིགས། དེ་མིན་ཁེ་ཕན་ལ་འབྲེལ་བ་ཡོད་པའི་ཕྱོགས་གཞན་པ་འདུས་པའི་དམངས་ཡོངས་ཀྱི་འགུལ་སྐྱོད་སྤེལ་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།