སཱ་ཁི་ལཱ་ལོ་ཕུའུ་ལུའུ་ཞི་ལཱ་རྒྱལ་ཁབ་ཀྱི་བུད་མེད་ཙུང་ཐུང་ཐོག་མར་གྱུར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཞི་ལཱའི་གྲོས་ཁང་གིས་ཚེས་ཉེར་གཉིས་ཉིན་འདེམ་ཤོག་མང་ཆེ་བ་ཡིད་འཐད་བྱུང་བའི་མཇུག་འབྲས་ཀྱིས་ཙུང་ཐུང་གསར་བའི་མིང་འདོན་ལ་གྲོས་འཆམ་བྱུང་བ་དང་། སཱ་ཁི་ལཱ་ལོ་ཕུའུ་ལུའུ་ཞི་ལཱའི་ལོ་རྒྱུས་སྟེང་གི་བུད་མེད་ཙུང་ཐུང་ཐོག་མར་གྱུར། 

ཉིན་དེར་གྲོས་ཁང་གི་གྲོས་མི་སུམ་བརྒྱའི་ཁྲོད་ཀྱི་གྲོས་མི་ཉིས་བརྒྱ་དང་གོ་བཞི་ཡིས་འདེམ་ཤོག་འཕངས་པ་དང་། སཱ་ཁི་ལཱ་ལོ་ཕུའུ་ལུའུ་ནི་འདེམ་སྒུག་མི་སྣ་གཅིག་པུ་ཡིན་ལ། འདེམ་ཤོག་ཉིས་བརྒྱ་དང་རེ་གཅིག་གི་རྒྱབ་སྐྱོར་ཐོབ་ཡོད། ཞི་ལཱའི་རྩ་ཁྲིམས་གཏན་འཁེལ་ལྟར་ན། གྲོས་ཁང་གི་སྐོར་ཐེངས་དང་པོའི་འདེམ་ཤོག་འཕེན་སྐབས་མིང་འདོན་དེར་འདེམ་ཤོག་ཉིས་བརྒྱའི་ཡན་གྱི་རྒྱབ་སྐྱོར་ཐོབ་ན་གྲོས་འཆམ་འབྱུང་སྲིད། 

ཞི་ལཱའི་ཙུང་ལི་མུས་ཙོ་ཐཱ་ཅི་སི་ཡིས་དེའི་རྗེས་སུ་གསལ་སྒྲོག་སྤེལ་ཏེ། འདེམ་ཤོག་འཕངས་པའི་མཇུག་འབྲས་ལས་ཞི་ལཱའི་ཕྱོགས་ཁག་སོ་སོས་གནད་དོན་གལ་ཆེན་ཐད་ནས་ཐུན་མོང་གི་ལྟ་ཚུལ་འགོད་ཐུབ་པ་དང་། ཞི་ལཱ་དུས་རབས་གསར་བ་ཞིག་ཏུ་བགྲོད་བཞིན་ཡོད་ཟེར། 

ཞི་ལཱ་ནི་གྲོས་ཁང་ལམ་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་ཞིང་། ཙུང་ཐུང་ནི་རྒྱལ་ཁབ་ཀྱི་གཙོ་འཛིན་ཡིན་ཡང་དོན་དངོས་སྲིད་འཛིན་དབང་ཆ་མེད། རྩ་ཁྲིམས་ཀྱི་གཏན་འཁེལ་ལྟར་ན་ཙུང་ཐུང་དེ་གྲོས་ཁང་གིས་འདེམ་དགོས་པ་དང་། འགན་ཡུན་ལོ་ལྔ་ཡིན་ལ། ཐེངས་གཅིག་ལ་བསྟུད་འགན་ཁུར་ཆོག ད་ལྟའི་ཙུང་ཐུང་ཕཱ་ཧྥུའུ་ཕུའུ་ལོ་སིའི་འགན་ཡུན་ད་ལོའི་ཟླ་གསུམ་པར་མཇུག་སྒྲིལ་བ་རེད། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།