ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་དང་སོ་ཏི་ཨ་རབ་ཀྱི་མཚོ་དམག་གིས་མཚོ་དམར་ནས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཅིབ་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་དང་སོ་ཏི་ཨ་རབ་ཀྱི་མཚོ་དམག་གིས་ཉིན་དེར་མཚོ་དམར་གྱི་ཨེ་ཅིབ་ཀྱི་མཚོ་ཁོངས་ནས་ཚབ་མིང་ལ་མུས་ཨར་ཀྲན16ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཐེངས་འདིའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེའི་སྤེལ་ཡུན་ཉིན་བཞི་ཡིན་པ་དང་། དམིགས་ཡུལ་ནི་དམག་དོན་སྦྱོང་བརྡར་ལ་ཞུགས་པའི་དམག་དཔུང་གི་བྱང་ཚད་ལ་ཤུགས་སྣོན་བྱེད་པ་དང་ཕྱོགས་གཉིས་ཀྱི་མཚོ་དམག་གི་འཐབ་འཁྲུག་ཆུ་ཚད་ཇེ་མཐོར་གཏོང་བའི་ཆེད་དུ་རེད། དམག་དོན་སྦྱོང་བརྡར་སྐབས་སུ། ཕྱོགས་གཉིས་ཀྱིས་གཞུང་ལུགས་ཤེས་བྱའི་འཆད་ཁྲིད་རབ་དང་རིམ་པ་སྤེལ་རྒྱུ་མ་ཟད། མདེལ་དངོས་མ་བཀོལ་ནས་མཚོ་འགྲམ་གྱི་དམིགས་འབེན་ལ་ཆམ་ཕབ་གཏོང་བའི་སྦྱོང་བརྡར་སྤེལ་རྒྱུ་རེད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨ་རབ་དང་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་སྐོར་ཞིག་ལྟ་ཞིབ་མཁན་ཡིན་པའི་ཆ་ནས་ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་ཞུགས་རྒྱུ་རེད་ཟེར་ཡང་གསལ་སྒྲོག་ལས་རྒྱལ་ཁབ་གང་དག་ལྟ་ཞིབ་མཁན་ཡིན་པ་བྱེ་བྲག་ཏུ་བརྗོད་མེད། 

ཨེ་ཅིབ་ཀྱིས་དུས་བཅད་ལྟར་ཨ་རབ་དང་ཨ་ཧྥེ་རི་ཁ་གླིང་། ནུབ་ཕྱོགས་རྒྱལ་ཁབ་བར་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་བཞིན་ཡོད། ཉེ་བའི་ལོ་འགའི་རིང་ལ། ཨེ་ཅིབ་ཀྱིས་ཨ་མེ་རི་ཁ་དང་ཧྥ་རན་སི། དབྱི་ཐཱ་ལེ། སོ་ཏི་ཨ་རབ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ཁི་ཝེ་ཐི་སོགས་རྒྱལ་ཁབ་བར་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་མྱོང་། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།