ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གིས་ཉིང་རྡུལ་ནུས་པའི་མཚོན་ཆ་རྒྱ་ཡན་དུ་མི་གཏོང་བའི་ཆིངས་ཡིག་ལས་ཕྱིར་འབུད་རྒྱུའི་ཉེན་བརྡ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་དཔོན་ཕྱོགས་ཀྱིས་ཚེས་ཉི་ཤུའི་ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་ཡིས་ཉིན་དེར་བསྟན་དོན། གལ་ཏེ་ཡོ་རོབ་གླིང་རྒྱལ་ཁབ་ཀྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་དེ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་གྲོས་བསྡུར་བྱེད་པར་སྤྲད་ན། དབྱི་ལིང་ཉིང་རྡུལ་ནུས་པའི་མཚོན་ཆ་རྒྱ་ཡན་དུ་མི་གཏོང་བའི་ཆིངས་ཡིག་ལས་ཕྱིར་འབུད་རྒྱུ་ཡིན་ཟེར། 

ཀྲ་ལི་ཧྥུའུ་ཡིས་བསྟན་དོན། གལ་ཏེ་ཡོ་རོབ་གླིང་ཕྱོགས་ཀྱིས་མུ་མཐུད་དུ་འོས་འཚམ་མིན་པའི་བྱ་སྤྱོད་སྤེལ་བ་དང་། ཡང་ན་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་འབྲེལ་ཡོད་ཡིག་ཆ་དེ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་གྲོས་བསྡུར་བྱེད་པར་སྤྲད་ན། དབྱི་ལིང་ཉིང་རྡུལ་ནུས་པའི་མཚོན་ཆ་རྒྱ་ཡན་དུ་མི་གཏོང་བའི་ཆིངས་ཡིག་ལས་ཕྱིར་འབུད་ངེས་ཡིན་ཟེར། ཁོས་བཤད་རྒྱུར། གལ་ཏེ་ཡོ་རོབ་གླིང་ཕྱོགས་ཀྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་འབྲེལ་ཡོད་འོས་འགན་ལག་བསྟར་བྱེད་ཐུབ་པ་དང་། གྲོས་མཐུན་དེའི་སྒྲོམ་གཞིའི་ནང་དབྱི་ལིང་གི་དཔལ་འབྱོར་ཁེ་ཕན་ལ་འགན་སྲུང་བྱེད་ཐུབ་ན། དབྱི་ལིང་གིས་ཡང་བསྐྱར་གྲོས་མཐུན་དེ་བརྩི་སྲུང་བྱེད་ངེས་ཡིན་ཟེར། ཀྲ་ལི་ཧྥུའུ་ཡིས་ད་རུང་བསྟན་དོན། དབྱིན་ཇི་དང་ཧྥ་རན་སི། འཇར་མན་བཅས་ཀྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་རྩོད་གླེང་ཐག་གཅོད་རྐྱེན་སྲོལ་བཙུགས་པ་དེ་ནི་གཏན་ནས་ཁྲིམས་མཐུན་མིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།