ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་དབྱི་ལིང་གང་འདོད་དུ་ཉིང་རྡུལ་ནུས་པའི་མཚོན་ཆ་རྒྱ་ཡན་དུ་མི་གཏོང་བའི་ཆིངས་ཡིག་ལས་ཕྱིར་འབུད་མི་རུང་བའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་ཚེས་ཉི་ཤུའི་ཉིན་དབྱི་ལིང་ཉིང་རྡུལ་ནུས་པའི་མཚོན་ཆ་རྒྱ་ཡན་དུ་མི་གཏོང་བའི་ཆིངས་ཡིག་ལས་གང་འདོད་འདོད་དུ་ཕྱིར་འབུད་མི་རུང་བའི་འབོད་སྐུལ་བཏང་། 

ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཏི་ཧེ་ལན་གྱིས་ཨུ་རུ་སིའི་གནད་དོན་དེའི་ཐད་ཀྱི་ལངས་ཕྱོགས་གསལ་བོར་ཤེས་པ་དང་། ཨུ་རུ་སི་ཡིས་བལྟས་ན་ཆིངས་ཡིག་དེ་འཛམ་གླིང་ཡོངས་ཀྱི་བདེ་འཇགས་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པར་དོན་སྙིང་གལ་ཆེན་ལྡན་པར་འདོད་ཡོད་ཟེར། 

ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་བཤད་རྒྱུར། དབྱི་ལིང་གིས་དུས་རྒྱུན་རྒྱལ་སྤྱིའི་ཉིང་རྡུལ་ནུས་པའི་ལས་ཁུངས་བར་གྱི་མཉམ་ལས་ཇེ་ཉུང་དུ་གཏོང་རྒྱུའི་ཚུལ་བསྟན་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་བལྟས་ན་དེ་ལུགས་མཐུན་ཞིག་མ་ཡིན། ཨུ་རུ་སི་ཡིས་དབྱི་ལིང་གིས་རྒྱལ་སྤྱིའི་ཉིང་རྡུལ་ནུས་པའི་ལས་ཁུངས་བར་བཀོད་པའི་འབྲེལ་ཡོད་གྲོས་ཆོད་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་པ་དང་། དབྱི་ལིང་དང་རྒྱལ་སྤྱིའི་ཉིང་རྡུལ་ནུས་པའི་ལས་ཁུངས་བར་གྱི་མཉམ་ལས་སྲུང་འཛིན་བྱས་ན་དབྱི་ལིང་གི་ཁེ་ཕན་དང་འཚམ་པར་འདོད་ཡོད་ལ། དབྱི་ལིང་དང་རྒྱལ་སྤྱིའི་སྤྱི་ཚོགས་བར་གྱི་གྲོས་མོལ་ལའང་ཕན་ཐོགས་ཡོད་པར་བསམ་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།