ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་དང་ཐཱ་ལེ་པན་གྱི་དྲག་ཆས་པས་ས་ཁུལ་མང་བོ་ནས་འཁྲུག་རྩོད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་སྲིད་གཞུང་གིས་ཚེས་ཉི་ཤུའི་ཉིན་བསྟན་དོན། ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་གིས་ཉེ་སྔོན་ཞིང་ཆེན་མང་བོ་ནས་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་བར་འཁྲུག་རྩོད་བྱས་པ་དང་། ཕྱོགས་གཉིས་ཀྱི་མི་སྣར་ཤི་རྨས་ཐེབས་ཡོད་ཟེར། 

ཨ་ཧྥུའུ་ཧན་གྱི་རྒྱལ་སྲུང་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་གིས་ཚེས་བཅུ་དགུའི་ཉིན་ནས་བཟུང་ཞིང་ཆེན་བཅུ་གཅིག་ནས་གཙང་ཕྱགས་འགུལ་སྐྱོད་ཐེངས་བཅུ་བཞིར་སྤེལ་ཏེ། བསྡོམས་པས་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་བཅོ་བརྒྱད་བསད་པ་དང་། འགད་རྫས་ཀྱི་མཛོད་ཁང་ཞིག་གཏོར་བར་མ་ཟད། མཚོན་ཆ་དང་རླངས་འཁོར་མང་བོ་གཞུང་བཞེས་བྱས། བདེ་འཇགས་དམག་དཔུང་གིས་ད་རུང་ལམ་འགྲམ་གྱི་འགད་རྫས་བཅུ་རྙེད་ནས་གཏོར་ལེན་བྱས་པ་རེད། 

ཨ་ཧྥུའུ་ཧན་བྱང་ཕྱོགས་ཀྱི་ཁོན་ཏུའུ་ཧྲི་ཞིང་ཆེན་སྲིད་གཞུང་གི་མགྲིན་ཚབ་པ་མུའུ་ལཱ་ཏིས་ཀྱིས་གསར་འགོད་པར་བདེན་དཔང་བྱས་དོན། ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་སྐོར་ཞིག་གིས་ཉིན་དེའི་ཞོགས་པའི་དུས་ཚོད་གསུམ་སྟེང་ཞིང་ཆེན་དེའི་བདེ་འཇགས་ཞིབ་བཤེར་ས་ཚིགས་ཤིག་ལ་འཇབ་རྒོལ་བྱས། བདེ་འཇགས་དམག་དཔུང་གིས་དེའི་རྗེས་སུ་ཕྱིར་རྒོལ་ལན་སྤྲད་པ་དང་། འཁྲུག་རྩོད་དེ་དུས་ཚོད་གཉིས་ཙམ་ལ་རྒྱུན་བསྲིངས། ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་གསུམ་བསད་པ་དང་། གཞན་ཡང་དྲག་ཆས་ཉེས་ཅན་གཉིས་དང་བདེ་འཇགས་དམག་དཔུང་གི་དམག་མི་གཉིས་ལ་འཁྲུག་རྩོད་ཁྲོད་རྨས་ཕོག་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།