ཝུའུ་ཁི་ལན་གྱི་འགྲུལ་སྐྱེལ་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ཁྲོད་ཀྱི་ཝུའུ་ཁི་ལན་གྱི་འདས་པོའི་བེམ་པོ་ཕྱི་རྒྱལ་ནང་དུ་བསྐྱལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་ཟིའི་འགྲུལ་སྐྱེལ་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་ཝུའུ་ཁི་ལན་གྱི་སྤྱི་དམངས་བཅུ་གཅིག་གི་བེམ་པོ་ཚེས་བཅུ་དགུའི་ཉིན་ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་ཡི་པའོ་ལི་སི་པའོ་ཨར་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་བསྐྱལ། 

ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་དང་ཙུང་ལི་ཀུང་ཆཱ་ལུའུ་ཁི། དེ་མིན་ཝུའུ་ཁི་ལན་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་ཟིའི་དོ་དམ་མི་སྣ། འདས་པོའི་ཁྱིམ་མི་བཅས་ཀྱིས་གནམ་གྲུ་ཐང་ནས་སྒུག་བསུ་བྱས། 

གནམ་གྲུ་ཐང་གི་ཐོག་ཁང་ཆེན་མོ་ནས་སྤེལ་བའི་མྱ་ངན་ཞུ་བའི་བྱ་འགུལ་སྟེང་། ཙེ་ལེན་སི་ཅི་སོགས་ཀྱིས་འདས་པོར་མྱ་ངན་ཞུས་པར་མ་ཟད་འདས་པོའི་ཁྱིམ་མིར་ཁམས་འདྲི་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།