ཀྲུང་གོ་བོད་ཀྱི་དྲ་བ།

ཨར་ཅི་རི་ཡཱ་ནས་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་བྱུང་སྟེ་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མི་ཞེ་དྲུག་ལ་རྨས་ཕོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨར་ཅི་རི་ཡཱའི་ཝ་ཏི་ཞིང་ཆེན་ནས་ཚེས་བཅུ་དགུའི་ཉིན་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་བྱུང་སྟེ། མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་ཞེ་དྲུག་ལ་རྨས་ཕོག 

ཝ་ཏི་ཞིང་ཆེན་གྱི་མེ་གསོད་སྡེ་ཁག་གི་འགན་ཁུར་བས་གསར་འགྱུར་ལས་རིགས་ལ་བསྟན་དོན། ཚེས་བཅུ་དགུ་ཉིན་གྱི་ཞོགས་པའི་དུས་ཚོད་གཉིས་སྟེང་། སྤྱི་སྤྱོད་རླངས་འཁོར་གཉིས་རྒྱལ་ས་ཨར་ཅིར་ཤར་ལྷོ་ཕྱོགས་ཀྱི་སྤྱི་ལེ་བཞི་བརྒྱ་དང་བཞི་བཅུའི་མཚམས་སུ་ཡོད་པའི་ཝ་ཏི་ཞིང་ཆེན་ནས་ཐོ་བརྒྱབ་སྟེ། མི་སྣར་ཤི་རྨས་ཚབས་ཆེན་བྱུང་བ་དང་། མིག་སྔར་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་ཞེ་དྲུག་ལ་རྨས་ཕོག་ཡོད་ཟེར། 

འགན་ཁུར་བ་དེས་བཤད་རྒྱུར། དོན་རྐྱེན་དེའི་འབྱུང་རྐྱེན་ནི་རླངས་འཁོར་མྱུར་ཚད་ལས་བརྒལ་བས་རེད་ཟེར། ཨར་ཅི་རི་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་དེའི་འབྱུང་རྐྱེན་དང་འབྲེལ་ཡོད་མི་སྣར་རྟོག་དཔྱོད་ཞིབ་ཏུ་བྱེད་བཞིན་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།