ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་དང་ཅོར་ཏན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བ་སོགས་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20200119094616fpM3.jpg

ཟླ1པོའི་ཚེས18ཉིན། དབྱི་རག་གི་པཱ་ཀ་ཏཱ་ནས། དབྱི་རག་གི་ཕྱི་འབྲེལ་བློན་ཆེན་ཧཱ་ཅི་མུའུ་དང་འཚམས་འདྲིར་ཡོང་བའི་ཅོར་ཏན་གྱི་ཕྱི་འབྲེལ་བློན་ཆེན་སཱ་ཧྥ་ཏིས་གཉིས་མཉམ་དུ་གསར་འབྲེལ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་ཞུགས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གི་ཕྱི་འབྲེལ་བློན་ཆེན་ཧཱ་ཅི་མུའུ་ཡིས་ཚེས་བཅོ་བརྒྱད་ཉིན་པཱ་ཀ་ཏཱ་ནས་འཚམས་འདྲིར་ཡོང་བའི་ཅོར་ཏན་གྱི་ཕྱི་འབྲེལ་བློན་ཆེན་སཱ་ཧྥ་ཏིས་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བ་དང་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

སཱ་ཧྥ་ཏིས་ཀྱིས་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཁོས་ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པའི་འཕྲིན་ཡིག་དེ་དབྱི་རག་གི་ཙུང་ཐུང་སཱ་ལེ་ཧི་དང་ལྟ་སྐྱོང་སྲིད་གཞུང་གི་ཙུང་ལི་ཨ་པུའུ་ཏུའུ་ལེ་མེད་ཧི་ཏིས་གཉིས་ལ་བརྒྱུད་སྤྲོད་བྱེད་རྒྱུ་ཡིན་པ་དང་། འཕྲིན་ཡིག་དེ་ལས་ཅོར་ཏན་གྱིས་དབྱི་རག་གིས་བདེ་འཇགས་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་པ་ནན་བཤད་བྱས་ཡོད་པར་མ་ཟད། ས་ཁུལ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་རག་གི་བདག་དབང་ལ་བརྩི་འཇོག་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད་ཟེར། 

ཧཱ་ཅི་མུའུ་ཡིས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ས་ཁུལ་གྱི་གནས་བབ་གསར་བའི་འཕེལ་རྒྱས་ལ་གྲོས་བསྡུར་བྱས་པ་དང་། ཁྱད་པར་དུ་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཇི་ལྟར་ཞི་འཇགས་སུ་གཏོང་བ་དང་དབྱི་རག་དེ་ས་ཁུལ་འཁྲུག་རྩོད་ཀྱི་གཡུལ་སར་འགྱུར་བར་སྔོན་འགོག་བྱེད་པར་གྲོས་བསྡུར་བྱས། ཧཱ་ཅི་མུའུ་ཡིས་བསྟན་དོན། ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཇེ་སྡུག་ཏུ་སོང་བ་ལས་འཇིགས་སྐུལ་ཉེས་ཅན་གྱི་སླར་གསོའི་ནུས་པ་ཇེ་དྲག་ཏུ་བཏང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་ཐད་ཀྱི་བྱ་བར་གཏོར་བརླག་བྱས་ཡོད་ལ། སྔར་ལས་མང་བའི་ས་ཁུལ་གྱི་འཁྲུག་རྩོད་འབྱུང་ཡང་སྲིད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།