ཨུ་རུ་སུའི་སྲིད་གཞུང་ཡོངས་ཀྱིས་ལས་ཁུར་དགོངས་ཞུ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཨུ་རུ་སུའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ལོ་འཁོར་འདིའི་རྒྱལ་ཁབ་གནས་ཚུལ་ཞུ་ཡིག་སྤེལ་རྗེས་ཨུ་རུ་སུའི་ཙུང་ལི་མེ་ཏེ་ཝུའེ་ཅེ་ཕུའུ་ཡིས་ད་ལྟའི་སྲིད་གཞུང་གི་ཁོངས་གཏོགས་ཡོངས་ཀྱིས་ལས་ཁུར་དགོངས་ཞུ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། ཕུའུ་ཅིང་གིས་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཚོགས་འདུར་ཀྲུའུ་ཞི་གཞོན་པ་ཞིག་གི་ལས་གནས་འཕར་འཛུགས་བྱེད་འདོད་ཡོད་ཅེས་བཤད་ཅིང་། མེ་ཏེ་ཝུའེ་ཅེ་ཕུའུ་ཡིས་གོ་གནས་དེ་འཁུར་རྒྱུའི་གྲོས་འགོ་བཏོན་ཡོད།

5f39acd0-faab-4c41-9019-1d9ae651823e.jpeg

མའེ་ཏེ་ཝུའེ་ཅེ་ཕུའུ་ཡིས་ཙུང་ཐུང་ཕུའུ་ཅིང་གིས་རྒྱལ་ཁབ་ཀྱི་གནས་ཚུལ་ཞུ་ཡིག་ནང་བཏོན་པའི་རྩ་ཁྲིམས་བཟོ་བཅོས་སོགས་ཀྱི་ནང་དོན་ཐད་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་རྗེས་དབང་ཆ་དོ་སྙོམས་དང་། སྲིད་འཛིན། ཁྲིམས་འཛུགས། ཁྲིམས་འཛིན་བཅས་ཀྱི་ཁྱབ་ཁོངས་ཚང་མར་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་རེད། དེར་བརྟེན་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་ཙུང་ཐུང་ལ་དགོས་ངེས་ཀྱི་ཐག་གཅོད་བྱེད་པའི་གོ་སྐབས་མཐའ་དག་སྤྲོད་དགོས། གནས་ཚུལ་དེ་འདྲའི་འོག་མེ་ཏེ་ཝུའེ་ཅེ་ཕུའུ་ཡིས་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་རྩ་ཁྲིམས་ཀྱི་དོན་ཚན་117ལྟར་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ད་ལྟའི་སྲིད་གཞུང་གིས་ལས་ཁུར་དགོངས་ཞུ་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད། 

ཕུའུ་ཅིང་གིས་རྩ་ཁྲིམས་ལ་བཟོ་བཅོས་བརྒྱབ་ནས་ཙུང་ལི་དང་ནང་བློན་ཁང་གི་ཁོངས་མིའི་དབང་ཆ་མང་དུ་གཏོང་རྒྱུའི་གྲོས་འགོ་བཏོན་པ།

ཐ་སི་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཨུ་རུ་སུའི་ཙུང་ལི་མེ་ཏེ་ཝུའེ་ཅེ་ཕུའུ་ཡིས་ཙུང་ཐུང་ཕུའུ་ཅིང་ལ་དགོངས་ཞུ་ཡི་གེ་ཕུལ་འདུག

ཨུ་རུ་སུའི་གསར་འགྱུར་ཁང་གིས་ཕུའུ་ཅིང་གིས་མེ་ཏེ་ཝུའེ་ཅེ་ཕུའུ་ཡི་ཞབས་ཞུར་ཐུགས་རྗེ་ཆེ་ཞུས་བ་ཡིན་མོད། ཙུང་ལིའི་ནང་བློན་ཁང་གིས་དེ་སྔོན་གཏན་འཁེལ་བྱས་པའི་དམིགས་ཚད་ཚང་མ་མངོན་འགྱུར་ཐུབ་མེད་ཅེས་བཤད་པ་རེད།

མེ་ཏེ་ཝུའེ་ཅེ་ཕུའུ་ཡིས་ལས་ཁུར་དགོངས་ཞུ་མ་བྱས་གོང་ཕུའུ་ཅིང་གིས་གཟའ་ལྷག་པའི་སྔ་དྲོར་ལོ་འཁོར་འདིའི་རྒྱལ་ཁབ་ཀྱི་གནས་ཚུལ་ཞུ་ཡིག་སྤེལ་བ་རེད། ཕུའུ་ཅིང་གིས་གསུང་བཤད་གནང་སྐབས་རྩ་ཁྲིམས་ལ་བཟོ་བཅོས་བརྒྱབ་ནས་ཙུང་ལི་དང་ནང་བློན་ཁང་གི་ཁོངས་མིའི་དབང་ཆ་མང་དུ་གཏོང་རྒྱུའི་གྲོས་འགོ་བཏོན་ཡོད་པ་དང་། གྲོས་འགོ་དེ་ཕུའུ་ཅིང་གིས་རང་ཉིད་ཀྱི་2024ལོའི་ཙུང་ཐུང་གི་འགན་ཡུན་མཇུག་སྒྲིལ་རྗེས་རང་ཉིད་ལ་དབང་ཆ་འཛིན་པའི་གནས་བབ་གསར་པ་ཞིག་གཏོད་རྒྱུར་འབད་བརྩོན་བྱ་བཞིན་པའི་ཆ་ཤས་ཤིག་རེད་འདོད།

ཕུའུ་ཅིང་གིས་མེ་ཏེ་ཝུའེ་ཅེ་ཕུའུ་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཚོགས་འདུའི་དྲུང་ཡིག་གཞོན་པར་མིང་འདོན་བྱས་པ།

ས་གནས་དེ་གའི་དུས་ཚོད་ཟླ་1ཚེས་15ཉིན་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ལས་གནས་དགོངས་ཞུ་བྱས་མ་ཐག་པའི་མེ་ཏེ་ཝུའེ་ཅེ་ཕུའུ་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཚོགས་འདུའི་དྲུང་ཡིག་གཞོན་པའི་མིང་འདོན་གནང་ཡོད།  ཨུ་རུ་སུའི་འཁོར་སྐར་འཕྲིན་གཏོང་ཁང་གིས་ཚེས་15ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཕུའུ་ཅིང་གིས་མེ་ཏེ་ཝུའེ་ཅེ་ཕུའུ་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཚོགས་འདུའི་དྲུང་ཡིག་གཞོན་པར་བསྐོ་གཞག་བྱས་པ་རེད། དེ་སྔོན་ཏག་ཏག་ལ་ཨུ་རུ་སུའི་ཙུང་ལི་མེ་ཏེ་ཝུའེ་ཅེ་ཕུའུ་ཡིས་ཨུ་རུ་སུའི་སྲིད་གཞུང་ཡོངས་ཀྱིས་ལས་ཁུར་དགོངས་ཞུ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

ཨུ་རུ་སུའི་ཙུང་ལིས་ཨུ་རུ་སུའི་སྲིད་གཞུང་གི་ལས་གནས་དགོངས་བྱ་རྒྱུའི་ཁྱབ་བསྒྲགས་མ་བྱས་གོང་ཕུའུ་ཅིང་གིས་རྩ་ཁྲིམས་བཟོ་བཅོས་རྒྱག་རྒྱུའི་གྲོས་འགོ་བཏོན་མྱོང་ཡོད།

ཨུ་རུ་སུའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཨུ་རུ་སུའི་ཙུང་ལི་མེ་ཏེ་ཝུའེ་ཅེ་ཕུའུ་ཡིས་ཨུ་རུ་སུའི་སྲིད་གཞུང་ཡོངས་ཀྱིས་ལས་ཁུར་དགོངས་ཞུ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

མེ་ཏེ་ཝུའེ་ཅེ་ཕུའུ་ཡིས་ཙུང་ཐུང་ཕུའུ་ཅིང་གིས་རྒྱལ་ཁབ་ཀྱི་གནས་ཚུལ་ཞུ་ཡིག་ནང་བཏོན་པའི་རྩ་ཁྲིམས་བཟོ་བཅོས་སོགས་ཀྱི་ནང་དོན་ཐད་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་རྗེས་དབང་ཆ་དོ་སྙོམས་དང་། སྲིད་འཛིན། ཁྲིམས་འཛུགས། ཁྲིམས་འཛིན་བཅས་ཀྱི་ཁྱབ་ཁོངས་ཚང་མར་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་རེད། དེར་བརྟེན་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་ཙུང་ཐུང་ལ་དགོས་ངེས་ཀྱི་ཐག་གཅོད་བྱེད་པའི་གོ་སྐབས་མཐའ་དག་སྤྲོད་དགོས། གནས་ཚུལ་དེ་འདྲའི་འོག་མེ་ཏེ་ཝུའེ་ཅེ་ཕུའུ་ཡིས་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་རྩ་ཁྲིམས་ཀྱི་དོན་ཚན་117ལྟར་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ད་ལྟའི་སྲིད་གཞུང་གིས་ལས་ཁུར་དགོངས་ཞུ་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།

ཕུའུ་ཅིང་གི་ལོ་འཁོར་འདིའི་རྒྱལ་ཁབ་གནས་ཚུལ་ཞུ་ཡིག་ལས་ཨུ་རུ་སུའི་ལས་དབང་དང་ལོ་རྒྱུས་ཀྱི་མདུན་ལམ་ནི་མི་འབོར་ལ་རག་ལས་ཡོད་ཅེས་བསྟན།

ཨུ་རུ་སུའི་འཁོར་སྐར་འཕྲིན་གཏོང་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་15ཉིན་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་མོ་སི་ཁོའི་མ་ཉེ་ཧྲི་རྒྱལ་ཁབ་འགྲེམས་སྟོན་ལྟེ་གནས་སུ་རྒྱལ་ཕྲན་མཉམ་འབྲེལ་ཚོགས་འདུར་ལོ་འཁོར་འདིའི་རྒྱལ་ཁབ་གནས་ཚུལ་ཞུ་ཡིག་སྤེལ་བ་དང་།  ཕུའུ་ཅིང་གིས་ཨུ་རུ་སུའི་ལས་དབང་དང་ལོ་རྒྱུས་ཀྱི་མདུན་ལམ་ནི་མི་འབོར་ལ་རག་ལས་ཡོད་ཅེས་གསུངས། 

ཨུ་རུ་སུའི་《རྩ་ཁྲིམས་》ཀྱི་དོན་ཚན་བརྒྱ་དང་བཅུ་བདུན་པ།

1. ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་ལས་ཁུར་དགོངས་ཞུ་ཡི་གེ་ཕུལ་ཆོག་པ་དང་། ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་གིས་ལས་ཁུར་དགོངས་ཞུ་དེ་དང་ལེན་བྱེད་ཆོག་ལ་དང་ལེན་མ་བྱས་ཀྱང་ཆོག

2. ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་གིས་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་ལས་ཁུར་དགོངས་ཞུ་བྱ་རྒྱུའི་སྐོར་གྱི་གྲོས་ཐག་བཅད་ཆོག

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།