ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁ་དང་ཨུ་རུ་སི་ཡིས་འཐབ་ཇུས་བདེ་འཇགས་གྲོས་མོལ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། ཨ་མེ་རི་ཁ་དང་ཨུ་རུ་སི་ཡིས་ཉིན་དེར་ཨོ་སི་ཁྲུ་རི་ཡཱའི་རྒྱལ་ས་ཝེ་ཡེ་ནཱ་ནས་འཐབ་ཇུས་བདེ་འཇགས་གྲོས་མོལ་སྤེལ་ཏེ། ཕྱོགས་གཉིས་ཀྱིས་དམག་དོན་སྒྲིག་ཆས་ཀྱི་ཚོད་འཛིན་དང་འཐབ་ཇུས་གཏན་འཇགས་སོགས་གྲོས་གཞིར་གྲོས་བསྡུར་བྱས། 

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིན་དེར་གསལ་སྒྲོག་ཅིག་ལས་བཤད་རྒྱུར། རྒྱལ་སྤྱིའི་བདེ་འཇགས་དང་རྒྱ་ཡན་དུ་མི་གཏོང་བའི་ལས་དོན་གྱི་འགན་ཁུར་བའི་རྒྱལ་སྲིད་བློན་ཆེན་གྱི་ལས་རོགས་པ་ཁི་ལི་སི་ཐའོ་ཧྥོ་ཧྥུའུ་ཐི་དང་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པ་ལི་ཡཱ་པུའུ་ཁི་ཧྥུའུ་གཉིས་ཀྱིས་འཐུས་ཚབ་ཚོགས་པ་ཁྲིད་དེ་ཝེ་ཡེ་ནཱ་ནས་སྤེལ་བའི་ཨ་མེ་རི་ཁ་དང་ཨུ་རུ་སིའི་འཐབ་ཇུས་བདེ་འཇགས་གྲོས་མོལ་སྤེལ། ཕྱ༩ོགས་གཉིས་ཀྱིས་རང་རང་གི་རྒྱལ་ཁབ་འཐབ་ཇུས་སྲིད་ཇུས་ལ་གྲོས་བསྡུར་བྱས་པ་དང་། ཕྱོགས་གཉིས་ཀྱིས་བདེ་འཇགས་གནད་དོན་གལ་ཆེན་ཐད་ཀྱི་གོ་ལོག་སྣང་ཚུལ་ཇེ་དམའ་རུ་བཏང་། 

གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁ་དང་ཨུ་རུ་སི་ཕྱོགས་གཉིས་ཀྱིས་ད་རུང་ཉིང་རྡུལ་ནུས་པའི་གསོག་ཉར་དང་ཉིང་རྡུལ་ནུས་པའི་འཐབ་ཇུས། དམག་དོན་སྒྲིག་ཆས་ཀྱི་ཚོད་འཛིན་ནུས་པ་དང་མ་འོངས་པའི་མདུན་ལྗོངས་སོགས་གནད་དོན་ལ་གྲོས་བསྡུར་བྱས། ཕྱོགས་གཉིས་ཀྱིས་ཉེ་ལམ་དམིགས་བསལ་གྲོས་ཚོགས་བསྡུས་ནས་ཆེད་མཁས་རིམ་པས་འབྲེལ་འདྲིས་བྱེད་རྒྱུ་ཐག་བཅད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།