ཐུར་ཁེའི་ཙུང་ཐུང་གིས་མུ་མཐུད་དུ་ལི་པུ་ཡཱ་རུ་དམག་མི་མངག་གཏོང་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། ཐུར་ཁེ་ཕྱོགས་ཀྱིས་མུ་མཐུད་དུ་ལི་པུ་ཡཱ་རུ་དམག་མི་མངག་གཏོང་བྱས་ཏེ། ལི་པུ་ཡཱའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། 

ཨེ་ཨར་ཏའོ་ཨན་གྱིས་ཉིན་དེར་རྒྱལ་ས་ཨན་ཁཱ་ལཱ་ནས་སྤེལ་བའི་ཉིས་སྟོང་བཅུ་དགུ་ལོའི་སྤྱི་བསྡོམས་ཚོགས་ཆེན་སྟེང་བཤད་རྒྱུར། ཐུར་ཁེ་ཕྱོགས་ཀྱིས་ལི་པུ་ཡཱ་རུ་མངག་མི་ཁ་སྣོན་བྱེད་པ་ནི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གི་འཚོ་སྡོད་དང་གཏན་འཇགས་ལ་ཁག་ཐེག་བྱེད་ཆེད་ཡིན། ང་ཚོས་ཆབ་སྲིད་དང་དཔལ་འབྱོར། ཕྱི་འབྲེལ། དམག་དོན་སོགས་ཀྱི་བྱེད་ཐབས་སྤྱད་དེ། ལི་པུ་ཡཱའི་ཁྲིམས་མཐུན་སྲིད་གཞུང་ལ་རྒྱབ་སྐྱོར་བྱས་ནས། ཐུར་ཁེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཁག་ཐེག་བྱེད་རྒྱུ་ཡིན་ཟེར། 

ཁོས་ད་རུང་བཤད་རྒྱུར། ཐུར་ཁེ་ཡིས་ལི་པུ་ཡཱའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་བར་བཀོད་པའི་མཚོ་དོན་དོ་དམ་དབང་ཆའི་བཟོད་སྒོམ་བརྗེད་ཐོ་གཞིར་བཟུང་སྟེ། བཟོད་སྒོམ་བརྗེད་ཐོ་བརྩི་སྲུང་བྱས་ཏེ་ས་དཀྱིལ་མཚོ་ཁོངས་ནས་ས་མཚམས་གཏན་འཁེལ་བྱས་ནས། ས་དཀྱིལ་མཚོ་ཁོངས་ཤར་ངོས་ཀྱི་དགོས་ངེས་མཚོ་ཁོངས་སུ་རྡོ་སྣུམ་དང་སོལ་རླངས་སྔོག་འདོན་བྱེད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།