ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་མུས་ཧྲུའུ་སི་ཅིན་སྐབས་གསར་བའི་ཨུ་རུ་སིའི་ཙུང་ལིར་བསྐོ་འཇོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20200117094256U1Ar.jpg

འདི་ནི་ཟླ1པོའི་ཚེས15ཉིན་ཨུ་རུ་སིའི་མའོ་སི་ཁི་ནས་པར་བླངས་པའི་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་བྱ་བའི་གྲོས་མོལ་བྱེད་བཞིན་པའི་མུས་ཧྲུའུ་སི་ཅིན་རེད། 

20200117094325JJZL.jpg

ཟླ1པོའི་ཚེས15ཉིན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་མའོ་སི་ཁི་ནས་མུས་ཧྲུའུ་སི་ཅིན་དང་བྱ་བའི་གྲོས་མོལ་བྱེད་བཞིན་པ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་དྲུག་ཉིན་ཙུང་ཐུང་བཀའ་རྒྱ་བཏང་སྟེ། མུས་ཧྲུའུ་སི་ཅིན་སྐབས་གསར་བའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་ཙུང་ལིར་བསྐོ་འཇོག་བྱས། 

ཨུ་རུ་སིའི་ཙུང་ཐུང་བཞུགས་ཤག་གིས་སྤེལ་གསར་འགྱུར་སྤྱི་སྒྲོག་ལྟར་ན། ཙུང་ཐུང་གི་བཀའ་རྒྱ་ལྟར་ལས་བཤད་རྒྱུར། ཨུ་རུ་སི་རྒྱལ་ཕན་མཉམ་འབྲེལ་ཁྲིམས་ཁང་གི་དོན་ཚན་གྱ་གསུམ་པའི་ནང་དོན་དང་པོ་ལྟར། ཕུའུ་ཅིན་གྱིས་མུས་ཧྲུའུ་སི་ཅིན་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་ཙུང་ལིར་བསྐོ་འཇོག་བྱས་པ་དང་། ཙུང་ཐུང་གི་བཀའ་རྒྱ་དེ་བཀོད་པའི་ཉིན་ནས་ནུས་ལྡན་དུ་གྱུར་ཡོད་ཟེར། 

ཉིན་དེའི་སྔ་དྲོར། ཨུ་རུ་སིའི་གྲོས་ཁང་ཞོལ་མས་མུས་ཧྲུའུ་སི་ཅིན་གྱིས་སྐབས་གསར་བའི་ཙུང་ལིའི་འགན་ཁུར་བའི་མིང་འདོན་ལ་འདེམ་ཤོག་འཕངས། གྲོས་མི་སུམ་བརྒྱ་དང་གྱ་གསུམ་ཡིད་འཐད་བྱུང་བ་དང་། མི་ཞེ་གཅིག་གིས་དབང་ཆ་བསྐྱུར། ངོ་རྒོལ་བྱེད་པའི་མི་གཅིག་ཀྱང་མེད་པ་རེད། 

མུས་ཧྲུའུ་སི་ཅིན་གྱིས་དེའི་རྗེས་སུ་གྲོས་ཁང་ཞོལ་མ་ནས་གཏམ་བཤད་སྤེལ་ཏེ། ཕུའུ་ཅིན་དང་གྲོས་ཁང་ཞོལ་མས་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་དང་། ད་ལོའི་ཟླ་གསུམ་བར་གྲོས་ཁང་ཞོལ་མར་སྲིད་གཞུང་གསར་བའི་སྲིད་ཇུས་སྙན་ཞུ་བྱེད་རྒྱུ་ཡིན་ཟེར། ཁོས་ཉིན་དེར་ད་རུང་གསར་འགྱུར་ལས་རིགས་ལ་བསྟན་དོན། ཉེ་ལམ་ཕུའུ་ཅིན་ལ་ནེ་ཀིའི་མིང་ཐོ་སྤྲོད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།