ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ འཇར་པན། ཧན་གོ་བཅས་ཀྱི་གནས་སྐོར་པུའུ་ཀྲང་གྲོས་ཚོགས་སྐབས་བཅུ་དགུ་བ་ཝུན་ལའེ་ནས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ། འཇར་པན། ཧན་གོ་བཅས་ཀྱི་གནས་སྐོར་པུའུ་ཀྲང་གྲོས་ཚོགས་སྐབས་བཅུ་དགུ་བ་ཚེས་བཅུ་དྲུག་ཉིན་ཝུན་ལའེ་སི་ལི་པཱ་ཅཱ་ཝན་གྲོང་ཁྱེར་ནས་སྤེལ། ཝུན་ལའེ་དམའ་རིམ་ཐོན་ཁུངས་དང་གནས་སྐོར་པུའུ་ཡིས་གདན་ཞུས་བྱས་པ་ལྟར། ཀྲུང་གོའི་རིག་གནས་དང་གནས་སྐོར་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲང་ཞུའུ་ཡིས་ཁྲིད་པའི་ཀྲུང་གོའི་སྲིད་གཞུང་གི་རིག་གནས་དང་གནས་སྐོར་འཐུས་ཚབ་ཚོགས་པ་གྲོས་ཚོགས་ལ་ཞུགས། 

གྲོས་ཚོགས་སྟེང་། ཀྲང་ཞུའུ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་འཇར་པན། ཧན་གོའི་གནས་སྐོར་པུའུ་ཀྲང་དང་འཐུས་མི་གཞན་པ་དང་མཉམ་དུ་ཉིས་སྟོང་བཅུ་དགུ་ལོའི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ། འཇར་པན། ཧན་གོ་བཅས་ཀྱི་གནས་སྐོར་ལས་རིགས་ཀྱི་སྣང་ཚུལ་ལ་ཕྱིར་དྲན་བྱས་པ་དང་། མཉམ་དུ་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ། འཇར་པན། ཧན་གོ་བཅས་ཀྱི་གནས་སྐོར་མཉམ་ལས་ཀྱི་བཟོད་སྒོམ་བརྗེད་ཐོ་དང་། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ། འཇར་པན། ཧན་གོ་བཅས་ཀྱི་ཉིས་སྟོང་བཅོ་བརྒྱད་ལོ་ནས་ཉིས་སྟོང་ཉི་ཤུ་ལོའི་བར་གྱི་གནས་སྐོར་མཉམ་ལས་བྱ་བའི་འཆར་གཞི་དངོས་འབེབ་གང་ལེགས་བྱས་ཏེ། རྒྱལ་སྤྱིའི་མཉམ་ལས་ལ་བརྟེན་ནས་གནས་སྐོར་མགྲོན་ཁང་གི་ཞབས་ཞུའི་ལས་རིགས་ལ་སྐུལ་འདེད་གཏོང་བ་དེ་འགུག་ཤུགས་ཆེ་ཞིང་གསོན་ཤུགས་ལྡན་ལ། རྒྱུན་མཐུད་རང་བཞིན་ལྷག་ཏུ་ལྡན་པའི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཉིས་སྟོང་ཉེར་ལྔ་ལོའི་རེ་སྨོན་དང་འཚམ་པའི་ཐོན་ལས་སོགས་གྲོས་གཞིའི་ཐད་ནས་གཏིང་ཟབ་ཏུ་གྲོས་བསྡུར་བྱས་ཏེ། ཐུན་མོང་གི་གྲོས་མཐུན་རྒྱ་ཆེར་བཀོད་པར་མ་ཟད། མཉམ་འབྲེལ་སྨྱན་བྱད་ཀྱི་གསལ་སྒྲོག་སྤེལ། 

ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་བཅུ་དང་གྲོགས་པོའི་རྒྱལ་ཁབ་ཀྲུང་གོ་དང་། འཇར་པན། ཧན་གོ་བཅས་ཀྱི་གནས་སྐོར་པུའུ་ཀྲང་དང་འཐུས་མི་གཞན་པ། དེ་མིན་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཡིག་ཁྲུའུ་ཡི་འཐུས་མི་བཅས་གོང་གི་གྲོས་ཚོགས་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།