ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་སྲིད་གཞུང་དང་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གིས་ཨ་པུས་དབྱང་ནས་དམག་དཔུང་ཕྱིར་འཐེན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡེ་མིན་སྲིད་གཞུང་དམག་དཔུང་དང་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གིས་ཚེས་བཅོ་ལྔ་ཉིན་བསྟན་དོན། ཕྱོགས་གཉིས་ཀྱིས་ཡེ་མིན་ལྷོ་ཕྱོགས་ཀྱི་ཨ་པུའུ་དབྱང་ཞིང་ཆེན་ནས་དམག་དཔུང་ཕྱིར་འཐེན་བྱས་ཏེ། དེའི་སྔོན་བཀོད་པའི་གྲོས་མཐུན་ལག་བསྟར་བྱས་ཡོད་ཟེར། 

མིང་བཤད་མི་འདོད་པའི་ཡེ་མིན་སྲིད་གཞུང་དམག་དཔུང་གི་དཔོན་པོ་ཞིག་གིས་བཤད་རྒྱུར། ཨ་པུས་དབྱང་ཞིང་ཆེན་དུ་སྡོད་པའི་ཡེ་མིན་སྲིད་གཞུང་དམག་དཔུང་གི་དཔུང་ཁག་མང་བོ་ཚེས་བཅུ་བཞི་ཉིན་གྱི་དགོང་མོ་ནས་བཟུང་འཁྲབ་ལྡན་འཁོར་ལོའི་འགེབས་སྲུང་འོག་ཨ་པུས་དབྱང་ཞིང་ཆེན་ནས་ཕྱིར་འཐེན་བྱས་པ་དང་། རིམ་བཞིན་དབུས་ཕྱོགས་ཀྱི་མཱ་ལི་པུའུ་ཞིང་ཆེན་དུ་ཕྱིར་འཐེན་བྱེད་རྒྱུ་ཡིན་ཟེར། 

མིང་བཤད་མི་འདོད་པའི་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བ་ཞིག་གིས་བཤད་རྒྱུར། ཉིན་འགའི་སྔོན། རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་སོ་ཏི་ཨ་རབ་ཀྱི་བཀོད་འདོམ་དཔོན་པོས་ཨ་པུས་དབྱང་དུ་སྡོད་པའི་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གི་དྲག་ཆས་སྟོབས་ཤུགས་ཀྱི་མགོ་ཁྲིད་པར་ཐེངས་མང་བོར་གྲོས་མོལ་བྱས་ཏེ། མཇུག་མཐར་དྲག་ཆས་སྟོབས་ཤུགས་དག་ཨ་པུས་དབྱང་ཞིང་ཆེན་ནས་ཕྱིར་འཐེན་བྱེད་པར་ཡིད་འཐད་བྱུང་བ་རེད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།