ཕུའུ་ཅིན་གྱིས་མུས་ཧྲུའུ་སི་ཆོང་གིས་ཨུ་རུ་སིའི་སྐབས་གསར་བའི་སྲིད་གཞུང་གི་ཙུང་ལིའི་འགན་ཁུར་བའི་མིང་འདོན་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅོ་ལྔ་ཉིན་ཙུང་ལི་མེ་ཏི་བེ་ཅེ་ཧྥུའུ་ཡིས་བཏོན་པའི་སྲིད་གཞུང་གི་ལས་ཁུར་དགོངས་ཞུའི་རེ་ཞུར་ཆོག་མཆན་བཀོད་པར་མ་ཟད། ཨུ་རུ་སིའི་གྲོས་ཁང་ཞོལ་མར་རྒྱལ་ཕྲན་མཉམ་འབྲེལ་ཁྲལ་དོན་ཅུའུ་ཡི་ཅུའུ་ཀྲང་མུས་ཧྲུའུ་སི་ཆོང་གིས་སྐབས་གསར་བའི་སྲིད་གཞུང་གི་ཙུང་ལིའི་འགན་ཁུར་བའི་མིང་འདོན་བྱས། 

བསྒྲགས་པ་ལྟར་ན། ཕུའུ་ཅིན་གྱིས་ཉིན་དེར་མུས་ཧྲུའུ་སི་ཆོང་དང་བྱ་བའི་གྲོས་མོལ་བྱས་པར་མ་ཟད། མུས་ཧྲུའུ་སི་ཆོང་གིས་སྲིད་གཞུང་གི་ཙུང་ལིའི་འགན་ཁུར་དགོས་པའི་གྲོས་གཞི་བཏོན། མུས་ཧྲུའུ་སི་ཆོང་ཡིད་འཐད་བྱུང་རྗེས། ཕུའུ་ཅིན་གྱིས་ཨུ་རུ་སིའི་གྲོས་ཁང་ཞོལ་མར་མིང་འདོན་དེ་སྤྲད་པ་རེད། 

ཉིན་དེའི་ཞོགས་པར་མེ་ཏི་བེ་ཅེ་ཧྥུའུ་ཡིས་ཕུའུ་ཅིན་ལ་སྲིད་གཞུང་གི་ལས་ཁུར་དགོངས་ཞུ་བྱེད་པའི་རེ་ཞུ་སྤྲད། ཕུའུ་ཅིན་གྱིས་དེའི་རྗེས་སུ་བཀའ་རྒྱ་བཀོད་དེ། སྲིད་གཞུང་གིས་ལས་ཁུར་དགོངས་ཞུ་བྱེད་པར་ཆོག་མཆན་བཀོད་པར་མ་ཟད། མེ་ཏི་བེ་ཅེ་ཧྥུའུ་ཡིས་གནས་སྐབས་སུ་ཙུང་ལིའི་འགན་འཁྲི་ལག་བསྟར་བྱེད་རྒྱུ་ཐག་བཅད། དེའི་ཞོར་དུ་ལས་ཁུར་དགོངས་ཞུ་བྱས་པའི་སྲིད་གཞུང་གིས་ནེ་ཀི་གསར་བ་མ་བཙུགས་གོང་རང་གི་འོས་འགན་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།